


བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་སེལ་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། ཟླ་5པ་ནས་བཟུང་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་སྣེ་ཁྲིད་དེ་རིམ་གཉིས་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་སྡེ་ཚན་གྱི་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྱབ་ཁོངས་ཁག་ཏུ་བསྐྱོད་ནས་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
ལས་དོན་སྤེལ་ཚུན་གྲོང་ཁྱེར་དང་རྫོང་རིམ་གཉིས་སྤྱི་བདེ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་རང་སྐྲུན་སྡོད་ཁང་སྟར་པ་2300ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། རང་སྐྲུན་སྡོད་ཁང་དེ་འགྲུལ་ཁང་དང་བོགས་གཏོང་སོགས་ལས་རིགས་གཉེར་སྐྱོང་བྱེད་ས་22ལ་སྤྱད་པ་དང་། ཉེན་ཡོད་ཁང་པ་སྟར་པ་7དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་ས་7ཞིབ་བཤེར་ཐུབ་ནས་ཚང་མར་ཆེད་མི་བཀོད་སྒྲིག་བྱས་ཏེ་གནས་ཚུལ་སྐབས་བསྟུན་ཁོང་དུ་ཆུད་པ་དང་དུས་ཐོག་ཏུ་རྗེས་སྙེག་དག་ཐེར་གནད་འཁེལ་ཡོང་བ་བྱས་ཡོད།