[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ​ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་ཤུག་པའི་འབྲུ་གུ་ཉོ་ཚོང་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་གཞི་ཚུགས་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཞིང་། ཉེ་ཆར། ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་ཤུག་པའི་འབྲུ་གུ་ཉོ་ཚོང་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་རེད།

    2022ལོའི་ཟླ་5ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཡི་ཐོག་ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཐང་མགོ་ཤང་མངགས་གཏོང་ཁང་གིས་གྲལ་བཤེར་དང་བཅར་འདྲི་བྱེད་རིང་མི་ཞིག་གིས་ལྷུན་གྲུབ་རྫོང་ཐང་མགོ་ཤང་གཙང་གཞུང་གྲོང་ཚོར་ཤུག་པའི་འབྲུ་གུ་ཉོ་ཚོང་བྱེད་བཞིན་པ་ཤེས་རྟོགས་བྱུང་བས་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་ཐང་མགོ་ཤང་མངགས་གཏོང་ཁང་སྒྲིག་འཛུགས་བྱས་ཏེ་བརྟག་དཔྱད་ལས་དོན་སྤེལ་བ་རེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཙང་གཞུང་གྲོང་ཚོར་ཤུག་པའི་འབྲུ་གུ་སྤྱི་རྒྱ་500དང་སྐད་འཕྲིན་བརྒྱུད་ནས་བཏང་བའི་དངུལ་སྒོར་ཁྲི་7.3ལྷག་ཙམ་རྩད་ཆོད་པ་རེད།

    མི་དམངས་ཉེན་རྟོག་པས་བཅར་འདྲི་དང་བརྟག་དཔྱད་འབོར་ཆེན་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། བསམ་ཆེ་གེ་མོ་སོགས་མི་གསུམ་གྱིས་ས་གནས་དེ་གའི་རང་བྱུང་ས་ཁམས་ཁོར་ཡུག་ལ་རྒྱུས་མངའ་ཡོད་པའི་ལེགས་ཆ་སྤྱད་དེ་ས་རུབ་པ་དང་བསྟུན་ནས་ཤང་དེའི་རང་བྱུང་སྲུང་སྐྱོང་ནགས་ཁུལ་དུ་བསྐྱོད་དེ་ཁྲིམས་འགལ་ངང་ཤུག་པའི་རྡོག་པོ་བཀོག་པ་མ་ཟད། ཁ་པར་དང་སྐད་འཕྲིན་བརྒྱུད་ཐན་ཆེ་གེ་མོ་དང་། ཤུས་ཆེ་གེ་མོ། ཀྲའོ་ཆེ་གེ་མོ་བཅས་གཙང་གཞུང་གྲོང་ཚོར་ཉོ་བར་ཡོང་རྒྱུའི་འབྲེལ་གཏུག་བྱས་པ་རེད། མིག་སྔར་གྱོད་གཞི་དེ་ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ལ་སྔར་བས་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད་པ་རེད།

    དེའི་ཐད་ལྷུན་གྲུབ་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ཡོད་པས་ཁྲིམས་འགལ་ངང་སྔོག་འཐུ་དང་། གཅོད་པ། ཉོ་ཚོང་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཏན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།