
གསར་འགོད་པར་ཉེ་ཆར་འཚོགས་པའི་པེ་ཅིང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྲོམ་ར་ལྟ་འདོམས་དང་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་སྒྲིག་གཞིར་རྒྱུན་མཐུད་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། པེ་ཅིང་ཀྲུང་ཐུང་ལན་པོ་གསོ་རིག་ཞིབ་བཤེར་ཚོད་ལྟ་ཁང་ཚད་ཡོད་ཀུང་སིར་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཁྲིམས་འགལ་ཉེས་གསོག་གི་དོགས་པ་ཡོད་པ་ཤེས་རྟོགས་བྱུང་བ་རེད།