[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་སའི་སྦྲག་སྲིད་བསྐུར་སྐྱེལ་ལས་སྒོས“འཆལ་རྡུང་ལོག་སེལ”རིགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    liy99723_s.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའི“འཆལ་རྡུང་ལོག་སེལ”འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་སྦྲག་སྲིད་ཡན་ལག་ཀུང་སིའི་ཐང་ཆེན་ལས་གཉེར་ཁང་དང་། ཉང་བྲན་ལམ་སྦྲག་སྲིད་ཀྱི་དུས་དེབ་ཚགས་པར་ཚོང་སྒྲོམ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཧྲུན་ཧྥུང་མྱུར་སྐྱེལ་ལྷ་ས་བགོ་སྤྲོད་ལྟེ་གནས་སོགས་སུ་ཡོང་ནས། ལྷ་ས་གྲོང་ཁྱེར་གྱི་སྦྲག་སྲིད་བསྐུར་སྐྱེལ་ལས་སྒོའི“འཆལ་རྡུང་ལོག་སེལ”ལས་དོན་སྤེལ་ཚུལ་དང“འཆལ་རྡུང་ལོག་སེལ”གྱི་གཞི་རིམ་ས་ཚིགས་འཁོར་རྒྱུག་བྱ་ཚུལ་བརྟག་ཞིབ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་ས་གནས་ས་ཐོག་ཏུ“འཆལ་རྡུང་ལོག་སེལ”གྱི་འབྲེལ་ཡོད་ལས་དོན་གྱི་ཟུར་བཙུགས་རྩིས་ཁྲར་ཞིབ་ལྟ་བྱས་པ་དང་། ལྡིར་སོ་འཕྲུལ་ཆས་ནང་འཁོད་པའི་གནས་ཚུལ་ལྟ་བཤེར་བྱས་པ། འཐབ་ཕྱོགས་དང་པོའི་མྱུར་སྐྱེལ་བས“འཆལ་རྡུང་ལོག་སེལ”གྱི་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་ཚུལ་འདྲི་རྟོགས་བྱས་པ་དང་སྦྲགས། གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་ལས་སྒོའི“འཆལ་རྡུང་ལོག་སེལ”གྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་ཀྱང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་ལས་སྒོའི“འཆལ་རྡུང་ལོག་སེལ”ལས་དོན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། བསྐུར་སྐྱེལ་གྱི་ཐབས་ལམ་བརྒྱུད། པར་སྐྲུན་དངོས་པོ་སྐྱོན་ཅན་ཁྱབ་རྒྱུ་ཐོག་མ་ཉིད་ནས་བཀག་འགོག་གིས་ལས་སྒོའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།