[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བོད་ལྗོངས་བཅའ་ཁྲིམས་རོགས་སྐྱོར་གྱིས།

    མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་8600 ལྷག་ཙམ་མི་ཕོག་པ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-25

    zengfg96120.jpg

    འདི་ནི་2018ལོ་ནས་2019ལོའི་བར། ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་དང་བླངས་ཁྲིམས་རྩོད་པ་10དང་ཕུལ་བྱུང་གི་དང་བླངས་ཁྲིམས་རྩོད་པ་18ལ་གཟེངས་བསྟོད་བྱེད་བཞིན་པ།

    ཉིན་ཤས་གོང་། གསར་འགོད་པར་ལྗོངས་ཁྲིམས་འཛིན་ཐིང་གིས་འཚོགས་པའི་2019ལོའི་ལོ་འཁོར་གྱི“1+1”ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་ཕྱོགས་སྡོམ་གཟེངས་བསྟོད་སྤེལ་རེས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2018ལོ་ནས་2019ལོའི་བར་བོད་ཀྱི“1+1”བཅའ་ཁྲིམས་རོགས་སྐྱོར་དང་བླངས་ཁྲིམས་རྩོད་པས་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཁྱོན་825སྒྲུབ་གཉེར་བྱས་པའི་ནང་། དམངས་དོན་གྱོད་གཞི་716དང་ཉེས་དོན་གྱོད་གཞི་109ཡོད་པ་དེ་དག་དབང་སྐྱོན་མི་སྣ་དང་། རྒན་རྒོན། ན་སོ་དར་ལ་མ་བབས་པའི་མི། བུད་མེད། ཞིང་འབྲོག་ལས་མི་སོགས་ཀྱི་ཚོགས་སྤྱི་མང་པོ་དང་འབྲེལ་བ་ཡོད་པ་དང་། བཅའ་ཁྲིམས་བློ་འདྲི་བྱེད་མཁན་མི་ཐེངས་ཁྲི་4ལྷག་ཙམ་ལ་སྣེ་ལེན་བྱས་པ། བཅའ་ཁྲིམས་ཡིག་རིགས་1800ལྷག་ཙམ་འབྲི་རོགས་བྱས་པ། སྤྱི་ཚོཌ་ཀྱི་འགལ་ཟླ་236བསལ་བ། བཅའ་ཁྲིམས་རོགས་སྐྱོར་བྱ་ཡུལ་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་8600ལྷག་ཙམ་མི་ཕོག་པ་བྱས་པ་རེད།

    ཁྲིམས་འཛིན་ཐིང་གི་ཏང་ཨུད་ཨུ་ཡོན་དང་། ཐིང་ཀྲང་གཞོན་པ་ཝང་ལི་ཕིང་གིས་ལོ་གཅིག་རིང་རྒྱ་ཆེའི་དང་བླངས་ཁྲིམས་རྩོད་པས་དཀའ་ངལ་ཁྱད་དུ་བསད་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་འགན་ལེན་བྱ་རྒྱུ་བཅའ་ཁྲིམས་རོགས་སྐྱོར་ལས་དོན་གྱི་རིན་ཐང་དོན་གཉེར་གྱི་གལ་ཆེ་སར་བརྩིས་ནས་མཐའ་འཁྱོངས་བྱས་ཏེ། བཅའ་ཁྲིམས་རོགས་སྐྱོར་གྱི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་། བཅའ་ཁྲིམས་རོཌ་སྐྱོར་གྱི་འགན་ལེན་ནུས་པ་ཆེ་རུ་བཏང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟབས་བདེ་དང་། མྱུར་པོ། སེམས་རྩ་འཁོལ་བ། ཆ་ཚང་བ་བཅས་ཀྱི་བཅའ་ཁྲིམས་བློ་འདྲི་དང་ཞབས་འདེགས་ཞུས་ཤིང་། ཁྲིམས་སྐྱོང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས་འཛུགས་སྐྲུན། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བརྗོད་པ་རེད།

    ཚོཌ་འདུའི་ཐོག 2018ལོ་ནས་2019ལོའི་བར་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་དང་བླངས་ཁྲིམས་རྩོད་པ་10དང་ཕུལ་བྱུང་གི་དང་བླངས་ཁྲིམས་རྩོད་པ་18ལ་གཟེངས་བསྟོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།