[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གྱོད་འབྲེལ་སྒོར་ཁྲི་842ཟིན་པའི་རིམ་པ་དང་པོའི་གྱོད་གཞི་ཆེན་པོ་ཞིག་གྱོད་མཇུག་འགྲིལ་བ།

    མིག་སྔར“ལྷ་སའི་གསེར་ལྐོག་ཚོང་གི་མུ་འབྲེལ་གྱོད་གཞི”ཡོངས་རྫོགས་གྱོད་ཐག་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-28

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སའི་འགག་སྒོ་ལྐོག་འདྲེན་འཛིན་བཟུང་སྡེ་ཚན་གྱིས་མྱུལ་ཞིབ་བྱས་པ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས་རིམ་པ་དང་པོར་བརྩིས་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱས་པའི་གྱོད་གཞི“ལྷ་སའི་གསེར་ལྐོག་ཚོང་གི་མུ་འབྲེལ་གྱོད་གཞི”ཡོངས་རྫོགས་མིག་སྔར་གྱོད་ཐག་ཆོད་པ་མ་ཟད་འདྲི་གཅོད་ཀྱང་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། “ལྷ་སའི་གསེར་ལྐོག་ཚོང་གི་མུ་འབྲེལ་གྱོད་གཞི”ཡི་ནང་ཁྱོན་གྱོད་གཞི་5ཡོད་ཅིང་། གསེར་ལེབ་ཁྱོན་སྟོང་ཁེ་28.49ཞིབ་བཤེར་རྩད་ཆོད་ཐུབ་པར་གྱོད་འབྲེལ་དངུལ་མི་དམངས་ཤོག་སྒོར་ཁྲི་842ཟིན་གྱི་ཡོད། དེའི་ནང་། གྱོད་གཞི་4གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ནུས་པ་ཐོན་པའི་ཉེས་དོན་ཁྲིམས་གཅོད་བྱས་པ་དང་། གྱོད་འབྲེལ་གྱི་ཞུ་སྦྱོར་ཕྱི་མ་17ཚང་མས་ཞུ་གཏུག་བྱས་མེད་པ། གྱོད་གཞི་1གི་དོ་བདག་ལ་སྲིད་འཛིན་ཆད་གཅོད་བྱས་པ་རེད། འདི་ལོའི་ཟླ་1པོར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱིས“ལྷ་ས་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱི་གསེར་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་གྱོད་སྒྲུབ་ཆེད་དོན་ཚོགས་ཆུང”ལ་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པ་ཐོ་འགོད་ཐེངས་གཅིག་བྱས་པ་རེད།

    “ལྷ་སའི་གསེར་ལྐོག་ཚོང་གི་མུ་འབྲེལ་གྱོད་གཞིས”སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། འབྲེལ་ཡོད་ས་ཁོངས་ཀྱི་ཁྱབ་རྒྱ་ཆེ་བ། མྱུལ་ཞིབ་བྱེད་དཀའ་བ་བཅས་ཡོད། “ལྷ་སའི་གསེར་ལྐོག་ཚོང་གི་མུ་འབྲེལ་གྱོད་གཞི”མྱུལ་ཞིབ་བྱེད་རིང་ལྷ་ས་འགག་སྒོས་ལས་སྒོའི་ནུས་པ་ཆེ་བའི་ལྐོག་འདྲེན་འཛིན་བཟུང་གི་མི་དམངས་ཉེན་རྟོག་པ་མངགས་གཏོང་བྱས་ཏེ་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་ཁྲེན་ཏུའུ་དང་། ཟི་ལིང་། ཀྲེང་ཀྲོའུ་སོགས་སུ་བརྟག་དཔྱད་དཔང་ལེན་བྱེད་པར་ཐེངས་མང་བསྐྱོད་པ་དང་། དཀའ་གནད་ཆེ་བའི་གྱོད་གཞི་གལ་ཆེན་ལ་དཔྱད་བསྡུར་བྱ་ཆེད་རྟག་ཏུ་མཉམ་སྡེབ་གྲོས་བསྡུར་དང་དབྱེ་ཞིབ་མཚན་གུང་བར་བྱས་པ། རང་འགུལ་ངང་འགག་སྒོ་ལྐོག་འདྲེན་འཛིན་བཟུང་སྡེ་ཚན་གཞན་དང་། ས་གནས་ཀྱི་སྤྱི་བདེ། མཐའ་སྲུང་སྡེ་ཚན་བཅས་ཀྱི་གསང་འཕྲིན་གཉེར་སྐྱོང་དང་མཉམ་སྦྲེལ་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་ཐག་གཅོད་ནུས་ལྡན་བྱས་ཡོད། ལྷ་ས་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱི་མི་དམངས་ཉེན་རྟོག་པས་ཚད་མཐོའི་འགན་འཁྲི་ཁུར་སེམས་དང་ཟབ་ནན་ཞིབ་ཚགས་ཀྱི་རྣམ་པའི་ཐོག་ནས་གྱོད་གཞི་ཚང་མ་དོན་དངོས་ཁ་གསལ་དང་། དཔང་རྟགས་ཁུངས་བཙན། བརྒྱུད་རིམ་ཁྲིམས་མཐུན། ཁྲིམས་ཆད་འོས་འཚམ་བཅས་ཡོང་བ་བྱས་ནས་གྱོད་སྒྲུབ་ལས་དོན་ལ་བཅའ་ཁྲིམས་ཀྱི་ཉམས་སད་ཐེག་ཐུབ་པའི“འགྱུར་མེད་གྱོད་གཞི”ཞིག་ཆགས་པའི་འགན་ལེན་གྱིས་ལྐོག་ཚོང་པ་བཅོས་སྒྲིག་ནུས་ལྡན་བྱས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་བདེ་འཇཌ་ལ་སྲུང་སྐྱོང་ཧུར་ཐག་བྱས་ཡོད།

    ལྷ་ས་འགག་སྒོ་ལྐོག་འདྲེན་འཛིན་བཟུང་སྡེ་ཚན་གྱི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིཌ་ན། གསེར་དང་དེའི་ཐོན་རྫས་ནི་རྒྱལ་ཁབ་ཀྱིས་རྒྱལ་མཚམས་ནས་ཕྱིར་གཏོང་ནང་འདྲེན་བཀག་འགོག་བྱེད་པའི་དངོས་ཟོག་ཅིག་ཡིན་པས་ཁྲིམས་འགལ་ངང་གསེར་རྒྱལ་མཚམས་ནས་འཁྱེར་བ་དང་། སྐྱེལ་འདྲེན། སྦྲག་བསྐུར། ལྐོག་ཚོང་བཅས་ཀྱི་བྱེད་སྤྱོད་ལ་འགག་སྒོས་རྡུང་རྡེག་ནན་པོ་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།