[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-30

    ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་ནས། དུད་ཚང་དབུལ་པོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱ་ཆེད། ཉེ་ཆར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་འཚམས་འདྲིའི་ཚོགས་པ་བཙུགས་ནས། དབྱེན་འདུམ་གྲོང་རྡལ་ལེ་ཁང་གྲོང་ཚོའི་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་བཀྲ་ཚེའི་ཁྱིམ་དུ་བསྐྱོད་དེ་ཁོང་དང་ཁོང་གི་ནང་མིར་འཚམས་འདྲི་བྱས་པ་མ་ཟད། དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད།

    འཚམས་འདྲི་བྱེད་རིང་མི་དམངས་ཉེན་རྟོག་པས་སྲིང་བལ་གྱི་སྟོད་ཐུང་དང་། ཉལ་ཆས། འབྲས། སྣུམ་སོགས་འཚམས་འདྲིའི་དངོས་ཟོག་དང་དངུལ་བཀྲ་ཚེར་སྤྲད་པ་དང་། ཁོང་ཚོའི་ཁྱིམ་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁོང་ཚོར་སྙིང་སྟོབས་ཆེར་སྐྱེད་དང་ཡིད་ཆེས་བརྟན་དུ་བཏང་ནས་དཀའ་ངལ་ཁྱད་བསད་ཀྱིས་སྔ་ཙམ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད། ད་དུང་མི་དམངས་ཉེན་རྟོག་པས་བཀྲ་ཚེར་དཀའ་ངལ་གང་ཞིག་འཕྲད་རུང་ཁོང་ཚོ་དང་འབྲེལ་བ་བྱས་ན་ཚང་མས་རོགས་པ་གང་ཐུབ་ཅི་ཐུབ་བྱེད་ཀྱི་རེད་ཅེས་མངགས་བཅོལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།