[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • གཞིས་རྩེའི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་ཆེད་དོན་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-30

    ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་གཞིས་རྩེ་གྲོང་ཁྱེར་བཙན་ཐབས་ལོགས་དབྱེའི་དུག་གཅོད་སུའོ་ཡིས་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ཏང་འཛུགས་སྐྱོང་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཆོས་འཛོམས་གདན་དྲངས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བཟོར་འགོ་བརྗོད་དུ“གསར་དུ་བཟོ་བཅོས་བརྒྱབ་མ་ཐག་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པའི”ཚོགས་ཆེན་བཅུ་དགུ་པའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    འཆད་ཁྲིད་ཐོག ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱ་རྒྱུ་ནི་རྨང་གཞི་ཡིན་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་་བརྟན་པོར་ངེས་རྒྱུ་ནི་ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་བྱེད་པའི་རྩ་བ་ཡིན། ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་བྱེད་པར་ཆབ་སྲིད་ཀྱི་དད་སེམས་བརྟན་པོར་ངེས་་དགོས་པ་དང་། ཏང་ལ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་བྱེད་པའི་ངོ་བོ་ནི་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱ་རྒྱུ་དེ་ཡིན་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་ཞུགས་ཀྱི་དམ་བཅའ་བརྟན་པོར་ངེས་ནས་ཁས་བླངས་པ་བཞིན་དོན་ལ་འཁྱོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འཆད་ཁྲིད་མཇུག་འགྲིལ་རྗེས་གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོའུ་ཤན་རུང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བཟོར་བླང་བྱ་བཏོན་པ་སྟེ། གྲོང་ཁྱེར་དེ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བཟོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་ཏང་གི་སྒྲིག་ཁྲིམས་བློ་ལ་བརྟན་པོར་ངེས་པ་དང་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསམ་བློ་དང་བྱ་སྤྱོད་ཐོག་གཅིག་གྱུར་ཡོང་བར་བྱས་ནས། སྦྱངས་ནས་ཤེས་པ་དང་། སྦྱངས་ནས་ཡིད་ཆེས། སྦྱངས་ནས་བེད་སྤྱོད་བཅས་ཡོང་བ་དང་དགོངས་པ་གསར་པས་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་ཀར་སྐུལ་གཏོང་བཅས་བྱས་ཏེ “ལྷག་བསམ་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པའི”ཁྲིམས་འཛིན་ལས་བྱེད་པ་ཞིག་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་འགྲུབ་ཕྱིར་ནུས་ཤུགས་སྐྱེས་སུ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།