[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ་དང་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-30

    zhuy8165.jpg

    110བཀོད་འདོམས་ལས་དོན་ཁག་ཡག་པོ་བསྒྲུབ་ཆེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་110བཀོད་འདོམས་ལྟེ་གནས་ཀྱིས་ཉེན་རྟོག་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་མང་ཚོགས་ཀྱི་འཐུས་མིས་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་སྐོར་ལ་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཆབ་སྲིད་ཨུ་ཡོན་ཚའོ་རུང་གིས་རེ་རེ་བཞིན་ལ་འགྲེལ་བཤད་བརྒྱབ་པ་དང་འབྲེལ“བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་མི་སྣས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ལེགས་སྒྲིག་ཕྱོགས་བསྡུས་བྱས་ནས་འབྲེལ་ཡོད་ཀྱི་ཆེད་དོན་ཞིབ་འཇུག་སྒྲིག་འཛུགས་བྱས་ཏེ་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་སྤྱི་བདེ་ལས་དོན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་བས་མང་ཚོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་དང་སྤྱི་བདེའི་ལས་དོན་ལ་ལྟ་སྐུལ་བྱ་རྒྱུའི་རེ་བ་ཡོད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚང་མས་རང་འགན་གཙང་སྒྲུབ་དང་འབད་བརྩོན་ལྷོད་མེད་ཀྱིས་མདུན་དུ་བསྐྱོད་དེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་མི་དམངས་མང་ཚོགས་ཚོར་དྲིན་ལན་འཇལ་ཏེ་ཁོངས་གཏོགས་ཁུལ་གྱི་བདེ་སྲུང་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་ཁས་བླངས་ཤིང་། འདི་ནི་བྲག་ཡིབ་ཆུས་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས་ཀྱི་འགན་འཁུར་བས་མང་ཚོགས་འཐུས་མིའི་སྣེ་ཁྲིད་དེ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།