[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • བོད་ལྗོངས་ཀྱིས་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-04-18

    ཉེ་དུས་ལྗོངས་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་རོགས་རང་སྐྱོང་ལྗོངས་ཀྱི་དབང་ཆར་བཙན་གནོད་དང་རྫུན་ལྷད་ཞན་གསུམ་ལ་རྡུང་རྡེག་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལོ་མེས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ན་ནིང་རང་ལྗོངས་ཀྱིས་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་བྱས་རྗེས་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གི་ལས་ཀའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཞན་ཆ་གསབ་པ། བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཀྱི་འདི་ལོའི་རྫུས་མར་རྡུང་རྡེག་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་དེ་ཉིད་དྲང་གཞག་འགྲན་རྩོད་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་དེ་བཞིན་འཛད་སྤྱོད་པའི་ཁྲོམ་ར་གཙང་སེལ་གྱི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཁྲིམས་ལྟར་བཅོས་སྐྱོང་དང་། རྡུང་རྡེག་དང་བཅོས་སྐྱོང་ཟུང་འབྲེལ། སྤྱི་ཚོགས་ཀྱི་མཉམ་བཅོས་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། ཚད་མཐོའི་རང་རྟོགས་རང་བཞིན་བཅས་ལ་བརྟེན་ནས་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གི་ལས་དོན་དེ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ནས་ཆེད་དམིགས་བཅོས་སྒྲིག་ལས་དོན་ཁག་མུ་མཐུད་སྤེལ་ཏེ་ལྗོངས་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་ཀའི་ཆུ་ཚད་དེ་གོང་མཐོར་ཧུར་ཐག་བཏང་ནས་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་མུ་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།