[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • ལས་མིའི་གླ་ཆ་འགྱངས་ཆད་བྱས། ཁྲིམས་འགལ་ཁེ་ལས་དམར་རྗེན་བཏོན།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-02-21

    2016ལོར། ལྗོངས་ཡོངས་ཀྱི་རིམ་ཁག་ངལ་རྩོལ་འགན་ལེན་ལྟ་ཞིབ་སྒྲིག་གཞིས་གླ་ཆའི་རིགས་ཀྱི་ཁྲིམས་འགལ་གྱོད་གཞི་812རྩད་ཆོད་ནས་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་6.53%ཆག་པ་དང་། ངལ་རྩོལ་པ་ཁྲི་1.1ལ་གླ་ཆ་སོགས་ཀྱི་ཐོབ་ཆ་སྒོར་དུང་ཕྱུར་1.5འདེད་ནས་ངལ་རྩོལ་པ་དང་འབྲེལ་བའི་མི་གྲངས་དུས་མཚུངས་ལས་10.35%ཉུང་དུ་སོང་བ་དང་། གླ་ཆའི་རིགས་དུས་མཚུངས་ལས་9.23%ཆག་ནས་རང་ལྗོངས་ཀྱིས་ཞིང་པ་ལས་མིར་གླ་ཆ་སྤྲོད་པའི་གནས་ཚུལ་སྤྱིར་ན་ཡག་ཏུ་འགྲོ་བཞིན་ཡོད། འདི་ལོར་བྱེད་ཐབས་སྣ་ཚོགས་བཏོན་ནས་ཞིང་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་རེད།

    wangxy72836.jpg

    A ཞིང་པ་ལས་མིར་གླ་ཆ་སྤྲོད་ཐུབ་པའི་འགན་ལེན་བྱས་པ།

    2016ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ། ལྗོངས་མི་ཤུགས་སྤྱི་ཚོགས་ཐིང་སོགས་སྡེ་ཚན་བཅུ་གཉིས་ཀྱིས་མཉམ་འབྲེལ་ཐོག་གླ་ཆ་སྤྲོད་པའི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ་མ་ཟད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་དང་དེ་བཞིན་རྫོང(ཆུས)ཁག་གཅིག་ལ་མངགས་ཏེ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་ནས། རྫོང(ཆུས)14ལ་འཐེན་བཤེར་གྱིས་ཨར་སྐྲུན་ཁུལ་18དང་། མགྲོན་ཁང་དང་བཟའ་བཏུང་ཞབས་ཞུ་སོགས་ངལ་རྩོལ་པ་གཅིག་སྡུད་ཆེ་བའི་ལས་མི་བེད་སྤྱོད་ཁེ་ལས་12ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་མ་ཟད། སྙན་ཞུ་ཉན་པ་དང་། དཔྱད་གཞིར་ལྟ་བ། ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ། ལས་མི་ཁ་ཤས་དང་གླེང་མོལ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ས་ཁུལ་ཁག་གིས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་སྤེལ་ཚུལ་ཁོང་དུ་ཆུད་པར་བྱས་པ་རེད། ཆེད་དོན་ཞིབ་བཤེར་བྱེད་རིང་། ཁྱོན་རིགས་ཁག་གི་མི་སྤྱོད་ཚན་པ་2548ལ་ཞིབ་བཤེར་བྱས་ནས་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་4840.8སྤྲད་པ་དེ་ཞིང་པ་ལས་མི་ཁྲི་0.34དང་འབྲེལ་ཡོད་པ་རེད།

    འགན་འཁུར་བ་དེས། 2016ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ངལ་རྩོལ་འགན་ལེན་ལྟ་ཞིབ་སྒྲིག་གཞི་ཁག་གིས་གླ་ཆའི་རིགས་ཀྱི་ཁྲིམས་འགལ་གྱོད་གཞི་812རྩད་ཆོད་པ་དེ་དུས་མཚུངས་ལས་6.53%ཆག་པ་དང་། ངལ་རྩོལ་པ་ཁྲི་1.1ལ་གླ་ཆ་སྒོར་དུང་ཕྱུར་1.5སླར་ཡང་སྤྲད་པ་དེའི་འབྲེལ་ཡོད་ངལ་རྩོལ་པའི་ཁ་གྲངས་དུས་མཚུངས་ལས་10.35%དང་འབྲེལ་ཡོད་གླ་ཆའི་རིགས་དུས་མཚུངས་ལས་9.23%ཆག་ནས་རང་ལྗོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་གནས་ཚུལ་སྤྱི་ཡོངས་ནས་ཡག་པོ་ཡོད་པ་རེད། ཡིན་ན་ཡང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འགལ་བ་ཁག་གཅིག་ད་དུང་ཐག་གཅོད་མ་ཐུབ་པར་གླ་ཆ་འགྱངས་ཆད་གནས་ཚུལ་སྔར་བཞིན་མང་པོ་ཐོན་བཞིན་ཡོད་པ་དང་། གླ་ཆ་དང་ལས་གྲྭའི་དངུལ་གྱི་རྩོད་གཞི་རྒྱ་ཁྱབ་ངང་གནས་པས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ་བར་འགྱུར་བ་སོགས་གནད་དོན་ཁ་ཤས་སྔར་བཞིན་གནས་ཡོད་ཅེས་བཤད།

    B ཚད་ལྡན་མིན་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ།

    2016ལོར། རང་ལྗོངས་ཀྱིས《འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《གླ་ཆ་ཆད་གསབ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆ་དང་གཏན་འབེབས་སྔ་རྗེས་སུ་བཏོན་པ་དང་། ལྗོངས་མི་ཤུགས་སྤྱི་ཚོགས་ཐིང་སོགས་སྡེ་ཚན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་འགན་ལེན་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བ་དང་མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་ལ་ཁ་གཏད་གཅོག་ཐབས་ཀྱི་སྔོན་ཇུས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ལམ་ལུགས་བཟོས་ནས་རང་ལྗོངས་སུ་ཞིང་པའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་དང་ཚད་ལྡན་དུ་གཏོང་བའི་ལས་ཀའི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད།

    “གསར་འགྱུར་སྨྱན་སྦྱོར་སྣ་ཚོགས་བརྒྱུད་གླ་ཆ་སྤྲོད་རྒྱུའི་སྐོར་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་དེ་བཞིན་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཁེ་ལས་ལ་རང་རྟོགས་ངང་ཁྲིམས་སྲུང་བ་དང་གཞུང་དྲང་ངང་མི་སྣ་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཤིང་། ལྟ་འདོད་ལ་ཉན་སྤྲོ་བ་དང་གོ་བདེ་ཤེས་སླའི་ཐོག་ནས་ཞིང་པ་ལས་མིར་ཁེ་དབང་སྲུང་སྐྱོང་གི་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁྲིམས་ལུགས་ལ་བརྟེན་ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་ང་ཚོས་ཆེད་མངགས་གླ་ཆ་སྤྲད་མེད་པའི་ཁྲིམས་འགལ་ཁེ་ལས་8དམར་རྗེན་དུ་བཏོན་ནས་སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ཟིལ་རྔམ་ཆེ་རུ་བཏང་ཡོད”ཅེས་རང་སྐྱོང་ལྗོངས་མི་ཤུགས་སྤྱི་ཚོགས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བཤད།

    ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ཁྱབ་བསྒྲགས་དང་ཐེར་འདོན་ཞུ་གཏུག་བྱེད་ལམ་ཤར་བགྲོད་ཡོང་བའི་ཐོག་ནས་རང་སྐྱོང་ལྗོངས་མི་ཤུགས་སྤྱི་ཚོགས་ཐིང་གིས་དུས་ཐོག་ཏུ་ཐེར་འདོན་གོང་ཞུ་བདག་སྤྲོད་དང་ཐག་གཅོད་བྱས་ནས་ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་བྱེད་པའི“ཐོགས་མེད་ལམ”བཏོད་དེ་ལས་རིམ་སྟབས་བདེ་རུ་དང་གྱོད་གཞི་རྩད་གཅོད་བྱེད་སྟངས་ལེགས་སུ་བཏང་བ་དེས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ལས་ཐོན་པའི་རྩོད་གཞི་སྔོན་ལ་ཐག་གཅོད་དང་། ཁྲིམས་ར་འཚོགས་པ། དུས་ཐོག་ཏུ་ཁྲུན་ཐག་གཅོད་པ། གྱོད་གཞི་མགྱོགས་མྱུར་ཐག་གཅོད་བྱེད་པ་བཅས་ཡོང་བ་བྱས་ཡོད། དོན་དངོས་ཁ་གསལ་ཞིང་དཔང་རྟགས་ཁུངས་བཙན་རིགས་ལ་ལས་རིམ་སྟབས་བདེ་རུ་གང་འཚམ་བཏང་ནས་རང་སར་ཐག་གཅོད་བྱས་ཤིང་། འགན་འཁུར་བས“མི་གྲངས་མང་ཞིང་དངུལ་འབོར་མང་བའི་ཚོགས་པའི་ངལ་རྩོལ་ཐོབ་ཆའི་རྩོད་གཞིའི་རིགས་ལ་འདུམ་འགྲིག་ཨུ་ལྷན་གྱི་ཀྲུའུ་རེན་གྱི་བྱང་བུ་འགེལ་བའི་སྒྲུབ་སྐུལ་ལམ་ལུགས་ལག་ལེན་བསྟར་ཡོད”ཅེས་བཤད།

    C ཕུགས་ཕན་ལམ་སྲོལ་རིམ་བཞིན་འཛུགས་རྒྱུ་ཡིན་པ།

    讨薪.jpg

    གོམ་སྟབས་རྗེས་མར་རང་ལྗོངས་ཀྱི་ངལ་རྩོལ་འགན་ལེན་ལྟ་ཞིབ་སྡེ་ཚན་གྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། ངལ་རྩོལ་འགན་ལེན་ལྟ་ཞིབ་ཀྱི་རྒྱུན་གཏན་གྱི་སྐོར་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་སྟེ་ཟླ་རེ་བཞིན་གླ་ཆ་སྤྲོད་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་རེད། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་མིང་དངོས་བཀོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་གླ་ཆ་དངུལ་ཁང་གིས་ཚབ་སྤྲོད་བྱེད་པའི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་རེད། འཛུགས་སྐྲུན་ཁྱབ་ཁོངས་སུ་ནམ་རྒྱུན་ཞིང་པ་ལས་མིར་འཚོ་བའི་འགྲོ་གྲོན་ཏོག་ཙམ་སྤྲོད་པ་ལས་གླ་ཆ་གཞན་རྣམས་ལོ་མཇུག་གམ་ཡང་ན་རྣམ་གྲངས་ལེགས་གྲུབ་བྱུང་རྗེས་སྡེབ་གཅིག་ལ་སྤྲོད་པའི་ལས་རིགས་ཀྱི་ལམ་སྲོལ་མེད་པ་མཐའ་གཅིག་ཏུ་བཟོས་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལོ་མཇུག་ཏུ་གཅིག་སྡུད་ཐོག་ཐོན་རྒྱུ་སྔོན་འགོག་ཐུབ་པ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།