[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱིས།

    ཁྲིམས་འགལ་གྱི་ཐ་མག་བཙོངས་པའི་གྱོད་གཞི་ཆེ་གྲས་བཞི་རྩད་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    d527e963-4489-4741-80ea-5ca7b444444d.jpg.jpg

    འདི་ནི་ཁྲིམས་འཛིན་མི་སྣས་གྱོད་འབྲེལ་ཐ་མག་ཐོ་འགོད་བྱེད་བཞིན་པ།

    ད་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱིས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་བདེ་དང་། སྦྲག་སྲིད། ཁྲོམ་ར་ལྟ་འདོམས་ཅུས་སོགས་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། སྡེ་ཚན་ཕན་ཚུན་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་ཐ་མག་རྫུན་མ་བཙོངས་པ་དང་ལྐོག་འཚོང་ལ་རྡུང་རྡེག་གཏོང་བར་སྐུལ་འདེད་བཏང་བ་རེད།

    ད་ལོའི་ཟླ་6པར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱིས་ཉིན་གཉིས་བསྟུད་མར་ཁྲིམས་འགལ་གྱི་ཐ་མག་བཙོངས་པའི་གྱོད་གཞི་ཆེ་གྲས་བཞི་རྩད་ཆོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་8ཉིན་གྱི་ཕྱི་དྲོ། མང་ཚོགས་ཀྱི་ཐེར་འདོན་འབྱོར་རྗེས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་གྲྭ་བཞི་ལམ་གྱི་ཚོང་ཁང་ཞིག་ནས་ནན་ཅིང(ཡུས་ཧྭ་ཧྲི)དང་། ཡུན་གཡན(ཏ་ཀྲུང་ཅིའུ) ཧོང་ཧོ་ལུའོ་སོགས་སྣ་ཁ་མི་འདྲ་བ་22དང་། རྡར་ཚན་601 དངུལ་འབོར་སྒོར་ཁྲི་29ལྷག་རི་བ་བཅས་ཀྱི་ཡུལ་གཞན་གྱི་ཨང་རྟགས་བརྒྱབ་པའི་ཐ་མག་རྩད་གཅོད་ཐུབ་ཡོད།

    ཟླ་6ཚེས་9ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་དུས་འགོའི་གྱོད་གཞིའི་ཁུངས་སྣེར་མཐིལ་རྟོགས་གྲལ་བཤེར་དང་དབྱེ་ཞིབ་བརྡར་གཅོད་བྱས་ནས་གྱོད་འབྲེལ་མི་སྣའི་འཁོར་རིགས་ལ་བརྟག་དཔྱད་བྱས་རྗེས། བཅིངས་འགྲོལ་ནུབ་ལམ་གྱི་མྱུར་སྐྱེལ་ལས་གཉེར་ས་ཚིགས་ཤིག་ནས་གྱོད་འབྲེལ་མི་སྣས་ཧོང་ཧོ་ལུའོ(1916རྟགས་ཅན་སྒམ་ཆུང)དང་། པའེ་ཧྲ(ཧོ་ཐན་ཞ་རྐང་ཕྲ་མོ) ཀྲུང་ཧྭ(རྐང་འབྲིང་བ)སོགས་ཁྱོན་ཐ་མག་སྣ་ཁ་18དང་། རྡར་ཚན་506 དངུལ་འབོར་སྒོར་ཁྲི་27རི་བའི་ཡུལ་གཞན་གྱི་ཨང་རྟགས་བརྒྱབ་པའི་ཐ་མག་རྩིས་ལེན་གྲབས་ཡོད་དུས་བཟུང་བ་རེད།

    དེ་ཉིན་དགོང་མོ་མང་ཚོགས་ཀྱི་ཐེར་འདོན་འབྱོར་པ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་དོན་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཞོལ་གྲོང་གསར་གྱི་ཚོང་ཁང་ཞིག་ཏུ་ཞིབ་བཤེར་བྱེད་སྐབས། དེའི་མཛོད་ཁང་ནས་ཧོང་ཧོ་ལུའོ(1916རྟགས་ཅན་སྒམ་ཆུང)དང་། ནན་ཅིང(ཡུས་ཧྭ་ཧྲེ) ཡུན་གཡན(ཏ་ཀྲུང་ཅིའུ་མཉེན་ཐུམ)སོགས་ཁྱོན་བསྡོམས་སྣ་ཁ་15དང་། རྡར་ཚན་211 དངུལ་འབོར་སྒོར་ཁྲི་14ལྷག་རི་བའི་ཡུལ་གཞན་གྱི་ཨང་རྟགས་བརྒྱབ་པའི་ཐ་མག་རྩད་གཅོད་ཐུབ་ཡོད།

    དེ་དང་འདྲ་བར་མང་ཚོགས་ཀྱི་ཐེར་འདོན་འབྱོར་རྗེས། དེ་ཉིན་དགོང་མོ་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཆུ་མིག་ལམ་གྱི་ཚོང་ཁང་ཞིག་ཏུ་ཞིབ་བཤེར་བྱེད་སྐབས། མཛོད་ཁང་ནས་ཡུན་གཡན(ཙེ་ཡུན)དང་། པའེ་ཧྲ(ཧོ་ཐེན་ཞ) ཧོང་ཧོ་ལུའོ(ཕིང་ཨན་སྒམ་ཆུང)སོགས་ཁྱོན་བསྡོམས་སྣ་ཁ་88དང་། རྡར་ཚན་1823 དངུལ་འབོར་སྒོར་ཁྲི་47ལྷག་རི་བའི་ཡུལ་གཞན་གྱི་ཨང་རྟགས་བརྒྱབ་པའི་ཐ་མག་རྩད་ཆོད་པ་རེད།

    གོང་གསལ་གྱི་གྱོད་གཞི་4པོ་དེ་དག་ནང་ཁྱོན་བསྡོམས་ཐ་མག་སྣ་ཁ་97དང་ཁྲིམས་འགལ་གྱི་ཐ་མག་རྡར་ཚན་3141རྩད་གཅོད་ཐུབ་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་117ལྷག་ཙམ་ཟིན་གྱི་ཡོད།

    གྱོད་གཞི་དང་འབྲེལ་བ་ཡོད་པའི་ཚོང་ཁང་གི་འགན་འཁུར་བར་ཁྲིམས་མཐུན་གྱི་གོ་ཆོད་ལག་ཁྱེར་གང་ཡང་བསྟན་རྒྱུ་མེད་པས། ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་གྱོད་འབྲེལ་ཐ་མག་ཐོ་འགོད་བྱས་རྗེས་ཉར་ཚགས་བྱས་པ་མ་ཟད། གྱོད་འབྲེལ་ཐ་མག་གི་མ་དཔེ་སི་ཁྲོན་ཞིང་ཆེན་རྡོ་ཐ་སྤུས་ཚད་ལྟ་སྐུལ་ཞིབ་དཔྱད་ས་ཚིགས་དང་བོད་རང་སྐྱོང་ལྗོངས་རྡོ་ཐ་སྤུས་ཚད་ལྟ་སྐུལ་ཞིབ་དཔྱད་ས་ཚིགས་སུ་བདེན་རྫུན་དབྱེ་འབྱེད་བྱེད་པར་བསྐྱལ་བ་དང་གྱོད་གཞིའི་གནས་ཚུལ་ཞིབ་ཕྲ་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད། དེའི་ཁྲོད་ལག་ཁྱེར་མེད་པར་ཚོང་རྒྱག་མཁན་གྱི་ཉེས་གསོག་དོགས་ཅན་1ཁྲིམས་དང་མ་མཐུན་པར་ཚོང་བརྒྱབ་པའི་དོགས་པ་ཡོད་པས། སྤྱི་བདེ་ལས་ཁུངས་སུ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱེད་པར་རྩིས་སྤྲད་པ་རེད།

    མིག་སྔར། ཁྲིམས་འཛིན་མི་སྣས་གྱོད་གཞིའི་གནས་ཚུལ་དབྱེ་ཞིབ་བྱེད་མུས་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།