[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁྱིམ་ནི་བསྲུངས་ནས་བྱུང་བ་ཞིག་རེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    5d1c19f8-6ed8-4c67-9c45-0d6e5a78a666.jpg.jpg

    འདི་ནི་སྐོར་གཡེང་གི་ལམ་བར་དུ་ཁ་ལག་ཟ་བཞིན་པ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་འཕྲང་སྒོ་མཐའ་མཚམས་མངགས་གཏོང་ཁང་གི་སྒར་ཁུལ་ནས་མཐའ་སྲུང་མཉམ་འགོག་རུ་དཔོན་སྲི་ཆོས་དྭགས་པོ(གཤམ་དུ་སྲི་ཆོས་ཞེས་བསྡུ་རྒྱུ)སླར་ཡང་ཐུག་བྱུང་། ཁོང་ལོ་གཅིག་གོང་དང་བསྡུར་ན་ནག་ཏུ་ཕྱིན་འདུག

    “ངས་ཁྱེད་རང་ངོ་ཤེས་ཀྱི་ཡོད། ཁྱེད་རང་ཐེངས་ཁ་ཤས་ཕེབས་མྱོང་ཡོད”རུ་དཔོན་སྲི་ཆོས་ཀྱིས་སེམས་རྩ་འཁོལ་པོས་ང་དང་གླེང་མོལ་བྱེད་སྐབས་ངས་ཁོང་གི་སོ་སྔར་བས་དཀར་བ་དང་ངོ་གདོང་སྔར་བས་ནག་པའི་དོ་སྣང་བྱུང་། འདི་ནི་ང་མངགས་གཏོང་ཁང་དུ་ཡོང་ཐེངས་གསུམ་པ་དེ་ཡིན། ཚང་མར་འགྱུར་ལྡོག་ཆེན་པོ་ཕྱིན་ན་ཡང་ཚོར་སྣང་སྔར་བཞིན་དེ་སྔ་དང་མཚུངས།

    སྦག་སྦག་གི་སྐོར་གཡེང་དཔུང་ཁག་སྔར་བས་སྟོབས་ཆེ་རུ་ཕྱིན་ནས་ད་ཆ་མཐའ་སྲུང་མཉམ་འགོག་རུ་མི་96བར་མང་དུ་ཕྱིན་པ་དང་སྦག་སྦག་རྒྱབ་ཀྱི་བཀྲག་མདངས་འཚེར་བའི་རྒྱལ་དར་དེ་སྐྱ་ཐེར་གྱི་རི་སྒང་དང་བསྡུར་ན་མངོན་གསལ་དོད་པོ་ཡོད།

    མངགས་གཏོང་ཁང་གི་ཁ་སྤྲོད་ཀྱི་ས་ཕག་ཁང་པ་དེ་ཨར་འདམ་ཁང་པར་གྱུར་པ་དང་། གྲལ་སྟར་འགྲིག་པའི་ཚོང་ཁང་མང་པོ་ཞིག་གིས་ཤང་གི་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་ནས་གསར་དུ་བསྐྲུན་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་གྲོང་མིར་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

    “མཐའ་མཚམས་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཕ་ཡུལ་ཁྱིམ་བྱེད་པ་ཞིག་རེད། དེ་ནི་སྲི་ཆོས་དང་མཐའ་སྲུང་རུ་མི་ཚོས་སྔར་ནས་ད་བར་བཅངས་པའི་དད་སེམས་ཤིག་ཡིན་པ་མ་ཟད། འཕྲང་སྒོ་ཤང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ཁོང་ཚོས་སྲུང་སྐྱོང་བྱས་པ་ཞིག་རེད།

    འཕྲང་སྒོ་ཤང་ནི་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་གནས་པ་དང་མཐའ་མཚམས་ཁུལ་གྱི་རྒྱ་ཁྱོན་ཆེ་བས་ཁྲིམས་འགལ་ངང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་ལ་ཁ་ཁག་ནས་ལྐོག་ཏུ་བྲོས་ཏེ་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་ཡི་ཡོད།

    ཟླ་6པའི་ཟླ་དཀྱིལ་དུའང་མཐའ་སྲུང་རུ་མི་ཚོས་སྐོར་གཡེང་མ་བྱས་གོང་ད་དུང་སྦྱོང་བརྡར་གོས་ཆས་གྱོན་པའི་ཁར་བྱ་སྤུའི་སྟོད་གོས་མཐུག་པོ་ཞིག་གྱོན་གྱི་ཡོད། སྲི་ཆོས་ཀྱིས་ཁོང་གི་ཆེས་དགའ་བའི་སྲིང་བལ་གྱི་ཞྭ་མོ་དང་སྲིང་བལ་གྱི་ལྭ་རིང་གྱོན་ནས་ཚང་མར་སྦག་སྦག་རྒྱབ་ཀྱི་རྒྱལ་དར་དམ་དུ་གཏོང་རོགས་བྱེད་ཀྱི་ཡོད།

    རྔམ་བརྗིད་ལྡན་པའི་སྦག་སྦག་རུ་ཁག་དེ་མངགས་གཏོང་ཁང་ནས་ས་བབ་མཐོ་ཚད་སྨི་5600ལྷག་ཙམ་ཟིན་པའི་ཀྲུང་ནེའི་མཐའ་མཚམས་ཀྱི་ས་མཚམས་དབྱེ་རྟགས་ཨང་33པའི་ཕྱོགས་སུ་བསྐྱོད་པ་དང་། ལམ་བར་དུ་འཁོར་ལོའི་རྗེས་སུ་འཕྱུར་བའི་ཐལ་རྡུལ་ནི་ཁོང་ཚོའི་འགྱུར་མེད་ཀྱི་རྗེས་ཤུལ་ཡིན་པ་དང་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་གྱིས་མི་རྣམས་ལ་སྤོབས་པ་སྦྱིན་གྱི་ཡོད།

    ལོ་དེ་དག་ནང་སྲི་ཆོས་དང་མཐའ་སྲུང་རུ་མི་ཚོས་མཐའ་མཚམས་དང་རང་ཉིད་ཀྱི་ཕ་ཡུལ་སྲུང་སྐྱོང་ཡག་པོ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཡེང་རུ་ཁག་བཙུགས་ནས་ད་བར་མངགས་གཏོང་ཁང་ལ་གཞོགས་འདེགས་བྱས་ཏེ་ཁྲིམས་འགལ་ངང་རྒྱལ་མཚམས་འཛུལ་སྒྲོལ་བྱས་པའི་གྱོད་གཞི་20ལྷག་ཙམ་རྩད་ཆོད་པ་དང་ཁྲིམས་འགལ་ངང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་70ལྷག་ཙམ་བཟུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།