[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-14

    0610gt1(2456057)-202206101220612_s.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི“2022ལོའི་ཝང་ཆིའུ་སྤོ་ལོ་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དམར་དམག་སློབ་ཆུང་དུ་སྤེལ་ཞིང་། རང་སྐྱོང་ལྗོངས་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱི་ཆེད་ལས་རྩལ་སློབ་དགེ་རྒན་སློབ་གྲྭར་བསྐྱོད་དེ། སློབ་མར་ཝང་ཆིའུ་སྤོ་ལོ་རྒྱག་སྟངས་བསླབས་པ་རེད།

    0608(10版)2(2416095)-210220610120652_s.jpg

     ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མདའ་རོ་གྲོང་ཚོས་གྲོང་ཚོ་གཙང་སྦྲ་དོད་པ་དང་། གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་བཏང་བས། ད་ཆ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བློ་ཡིད་ཚིམ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་རེད། འདི་ནི་ཁ་རུབ་ཆུས་མདའ་རོ་གྲོང་ཚོའི་རྣམ་པ་ཡིན་པ།

    0608(10版)(2416097)-202220610120646_s.jpg

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་ཞིང་རྒྱས། ནག་ཆུས་ཡར་བརྩོན་བྱེད”བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་འགོ་ཚུགས་ཚུན་ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཤིང་། རྫོང་དང་ཆུས་ཁག་གིས་ཀྱང་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རིག་རྩལ་བྱེད་སྒོ་ཡང་སྔ་རྗེས་སུ་སྤེལ་བར་མང་ཚོགས་ཀྱིས་ཚ་ཚ་འུར་འུར་ངང་ཞུགས་པ་རེད། འདི་ནི་སྦྲ་ཆེན་རྫོང་གངས་ཆེན་ཤང་སྣ་ཀོང་གྲོང་ཚོའི་གྲོང་མིས་འཐག་ལས་ལ་ཞུགས་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།