[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྦག་སྦག་བཏང་ནས་བོད་དུ་ཡོང་མཁན་ཞིག་ལ་འཁོར་འཛོལ་ཐོན་པས།

    གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པས་རོགས་སྐྱོབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-14

    (新媒体)西藏骑行出事故,移民警察忙救援(2297609)-20220525121049_s.jpg

    འདི་ནི་མི་དམངས་ཉེན་རྟོག་པས་ཁ་ལོ་བ་གནས་ལུང་ཤང་འཕྲོད་བསྟེན་ཁང་དུ་བརྟག་དཔྱད་བྱེད་པར་སྐྱེལ་བཞིན་པ།

     ཟླ་5ཚེས་18ཉིན་གྱི་ཉིན་དགུང་ཆུ་ཚོད་13དང་སྐར་མ་30ཙམ་ལ་བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གནས་ལུང་མཐའ་མཚམས་མངགས་གཏོང་ཁང་ལ་རྒྱལ་ལམ་318གནས་ལུང་ཤང་དུམ་བུའི་5172KMཡི་སར་སྦག་སྦག་ཅིག་ལ་འཁོལ་འཛོལ་ཐོན་འདུག་ཅེས་པའི་སྙན་སེང་འབྱོར། སྙན་སེང་འབྱོར་མ་ཐག་མངགས་གཏོང་ཁང་དེས་འཕྲལ་མར་ཉེན་རྟོག་པ་འཁོལ་འཛོལ་ཐོན་ཡུལ་དུ་རོགས་སྐྱོབ་བྱེད་པར་བཏང་།

    མི་དམངས་ཉེན་རྟོག་པ་འཁོར་འཛོལ་ཐོན་ཡུལ་དུ་འབྱོར་རྗེས། “པའོ་མཱ”རྟགས་ཅན་གྱི་སྦག་སྦག་ཅིག་རྒྱལ་ལམ་318ཉེ་འགྲམ་གྱི་ལམ་ཆུང་སྟེང་འགྱེལ་ནས་སྦག་སྦག་གི་འཁོར་མགོ་ཧྲུག་ཆག་ཐེབས་པ་དང་ཁ་ལོ་བར་རྨས་སྐྱོན་ཕོག་པ་ཤེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཁ་ལོ་བ་གནས་ལུང་ཤང་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། སྟབས་ལེགས་པ་ཞིག་ལ་སྦག་སྦག་གི་ཁ་ལོ་བས་ཆེད་ལས་ཀྱི་འགོག་སྲུང་གྱོན་ཆས་གྱོན་ཡོད་པས། པུས་མོ་དང་དཔུང་པར་རྨས་སྐྱོན་ཕྲན་ཙམ་ལས་ཕོག་མེད་པ་རེད། འཕྲོད་བསྟེན་ཁང་དུ་སྟབས་བདེའི་སྨན་བཅོས་བྱས་རྗེས་མངགས་གཏོང་ཁང་དེའི་མི་དམངས་ཉེན་རྟོག་པས་དབོར་འདྲེན་རླངས་འཁོར་ལ་འབྲེལ་བ་བྱས་ནས་སྦག་སྦག་གཞིས་རྩེར་ཉམས་བཟོ་བྱེད་པར་བསྐྱལ།

    ཤེས་རྟོགས་བྱུང་བར་གཞིགས་ན། སྦག་སྦག་གི་ཁ་ལོ་བས་ཀུའེ་ཀྲོའུ་ནས་བོད་དུ་སྦག་སྦག་བཏང་སྟེ་ཡོང་ཞིང་། བོད་ཀྱི་ཡུལ་ལྗོངས་དང་སྦག་སྦག་བཞོན་པའི་སྤྲོ་སྣང་ཉམས་སུ་མྱོང་ཆེད། རྒྱལ་ལམ་318ཉེ་འགྲམ་གྱི་ལམ་ཆུང་དུ་བསྐྱོད་པ་རེད། འོན་ཀྱང་ལམ་ཆུང་དུ་ཆུ་ཡུར་ཆུང་ཆུང་མང་པོ་ཡོད་པར་ཁ་ལོ་བར་དོ་སྣང་མ་བྱུང་རྐྱེན། འཁོར་འཛོལ་ཐོན་པ་རེད། གནས་སྤོས་མི་སེར་དོ་དམ་ཉེན་རྟོག་པས། བོད་དུ་སྦག་སྦག་བཞོན་ནས་ཡོང་སྐབས་ངེས་པར་དུ་ལམ་བུའི་གནས་ཚུལ་ལ་དོ་སྣང་དང་འགྲིམ་འགྲུལ་སྒྲིག་སྲོལ་ལ་སྲུང་བརྩི་ཞུས་ཏེ་བདེ་འཇགས་ཨང་དང་པོར་འཇོག་དགོས་པའི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།