[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • རྒན་གསོའི་དངུལ་ཁ་བསླུས་ལ་འགོག་ཟོན་གྱིས་རྒན་གསོའི་དངུལ་སྐར་ལི་ཙམ་ཡང་ཁ་བསླུས་མ་ཐེབས་པར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-14

    (新媒体 云丹卓玛 法制报)筑牢防养老诈(2377355)-20220607135141_s.jpg

    ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་མི་དམངས་ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཤང་དང་གྲོང་རྡལ་དང་སྡེ་ཁུལ་དུ་བསྐྱོད་དེ་རྒན་རྒོན་མང་ཚོགས་ལ་རྒན་གསོའི་དངུལ་ཁ་བསླུས་ལ་འགོག་ཟོན་བྱེད་དགོས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། རྒན་རྒོན་དང་དེའི་ནང་མིར་རྒྱུན་གཏན་འཚོ་བའི་ནང་དོགས་ཟོན་ཆེར་སྐྱེད་ཀྱིས་ཁེ་ཆུང་ལ་མི་ལྟ་བར་རང་རྟོགས་ངང་བསླུ་བྲིད་སྣ་ཚོགས་དང་མགོ་སྐོར་འོག་མི་ཚུད་པ་བྱས་ནས་རྒན་རྒོན་ཚོས་ཁ་བསླུས་རྒྱག་མཁན་ཤེས་པ་དང་ཁ་བསླུས་སྔོན་འགོག་གི་འཇོན་ཐང་སྔར་བས་ཆེ་རུ་བཏང་བ་རེད།

    རྒན་གསོའི་དངུལ་ཁ་བསླུས་མི་ཤོར་བ་བྱེད་པའི་རྒན་རྒོན་ཚོའི་འགོག་ཟོན་འདུ་ཤེས་ཟབ་ཏུ་དང་དབྱེ་འབྱེད་ཀྱི་འཇོན་ཐང་ཆེ་རུ་ཟམ་མི་ཆད་པར་བཏང་ནས་རྒན་རྒོན་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་རྒན་རྒོན་གྱི་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གི་མི་དམངས་ཉེན་རྟོག་པ་བྱ་ས་རྒན་ཡོལ་ཞུ་མཁན་ཏང་ཀྲི་པུའུ་ཡོད་སར་བསྐྱོད་དེ་རྒན་གསོའི་དངུལ་ཁ་བསླུས་ལ་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་བྱེད་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད“རྒན་གསོའི་ཞབས་ཞུ”དང་། “རྒན་གསོའི་རྣམ་གྲངས” “རྒན་གསོའི་ཐོན་རྫས” “ཁང་པར་བརྟེན་ནས་རྒན་གསོ” “རྒན་གསོ་འགན་བཅོལ” “རྒན་གསོའི་རོགས་སྐྱོར”སོགས་ཀྱི་མིང་ཐོག་ནས་རྒན་རྒོན་ཚོར་ཁ་བསླུས་རྒྱག་སྐབས་སྤྱོད་པའི་རྒྱུན་གཏན་གྱི་ཐབས་ལམ་དང་དེ་དག་འགོག་ཟོན་གྱི་བྱ་ཐབས་ལ་དམིགས་ཏེ། རྒན་གསོའི་དངུལ་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་འཛིན་པའི་རྒན་རྒོན་ཚོའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་ཐབས་བྱས་ནས་མགོ་སྐོར་འོག་མི་ཚུད་པ་བྱས་པ་དང་ཆབས་ཅིག《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཚང་མར་འགྲེལ་བཤད་བརྒྱབ་སྟེ། སྒྲིག་འཛུགས་ཡོད་པའི་ཉེས་གསོག་མང་ཚོགས་ཀྱིས་ཤེས་ཚད་དང་དེའི་ནང་ཞུགས་ཚད་མཐོ་རུ་བཏང་བའི་ཐོག་མང་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྒྲིག་འཛུགས་ཡོད་པའི་ཁྲིམས་འགལ་ཉེས་གསོག་དང“ནག་ཚོགས་སྤྱོད་ངན”གྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་འདོན་རྒྱུར་ལྕག་སྐུལ་བྱས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།