[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བསལ་ནས་བདེ་སྐྱིད་དུས་བདེ་སྲུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-07

    c6d92a55-5591-4abe-9f45-f60d7d3d132e.jpg.jpg

    ཉེ་ཆར། ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་གྱི་གཞི་རིམ་ཆེད་བསྐོས་མེ་ཟོན་ས་ཚིགས་ཀྱི་སྒོ་བྱང་དངོས་སུ་བཀལ་ཞིང་། སྒོ་བྱང་འགེལ་སར་ས་སྐྱ་རྫོང་མེ་ཟོན་རུ་ཆེན་གྱི་ལས་དོན་པས་གཞི་རིམ་གྱི་མཉམ་འགོག་མཉམ་བཅོས་དཔུང་ཁག་དང་འཕྲལ་སྡོམ་རོགས་སྐྱོབ་མི་སྣར་མེ་ཟོན་རླངས་འཁོར་ཆུང་གྲས་གཏོང་སྟངས་དང་། ཆུ་སྟོར་ནས་མེ་གསོད་སྟངས། རླངས་འཁོར་ལ་ཞིབ་བཤེར་དང་། ཉམས་བཟོ། བདག་སྐྱོང་བཅས་བྱེད་སྟངས། གཞན་ཡང་མེ་ཟོན་གྱོན་ཆས་གྱོན་སྟངས་དང་། མེ་གསོད་ཡོ་ཆས་སྤྱོད་སྟངས། དབུགས་རིལ་གྱི་མེ་གསོད་སྟངས་སོགས་འབྲེལ་ཡོད་མེ་ཟོན་ལས་དོན་གསོ་སྦྱོང་བྱས་ཏེ་གཞི་རིམ་མཉམ་འགོག་མཉམ་བཅོས་རུ་ཁག་དང་འཕྲལ་སྡོམ་རོགས་སྐྱོབ་མི་སྣའི་མེ་ཟོན་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་རྨང་གཞི་བརྟན་པོ་བཏིངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཞིང་། འདི་ནི་ས་སྐྱ་རྫོང་མེ་ཟོན་རུ་ཆེན་གྱི་ལས་དོན་པས་དབུགས་རིལ་གྱི་མེ་གསོད་སྟངས་སློབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།