
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རི་སྟེང་གི་རོགས་སྐྱོབ་ཆེད་ལས་རུ་ཁག་སྟེ་རོགས་སྐྱོབ་རླངས་འཁོར་6དང་མི་36བསྐོངས་ནས་སྤྱི་ལེ་210ཡི་སར་་ཆུ་ཚོད་4ཡི་ནང་ས་བབ་མཐོ་ཚད་སྨི་5500ཡོད་པའི་མཆོད་རྟེན་ཉི་མ་འཁྱགས་རོམ་དུ་བསྐྱོད་དེ་དུས་ཡུན་ཉིན་གསུམ་དང་མཚན་གཉིས་ཀྱི་ས་བབ་མཐོ་བའི་རི་ཁྲོད་རོགས་སྐྱོབ་ནང་སྦྱོང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ལག་རུ་ཁག་གིས་རོགས་སྐྱོབ་ཆེད་ལས་རུ་ཁག་སྒྲིག་འཛུགས་བྱས་ནས་སྦྱོང་བརྡར་བྱས་པ་དང་དུས་མཚུངས། དམག་འཐབ་དང་། བཀོད་འདོམས། འཕྲིན་གཏོང་། གོ་མཚོན། འགན་ལེན། དྲིལ་བསྒྲགས་སོགས་སྡེ་ཚན་དང་མཉམ་དུ་ཕན་ཚུན་གཞོགས་འདེགས་བྱས་ཏེ། གཅིག་འཐུས་རྣམ་པའི་དམག་འཐབ་དང་། བཀོད་འདོམས། འགན་ལེན་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་བྱས་ཚུལ་ཞིབ་བཤེར་བྱས་པ་རེད།
ད་ཐེངས་ཀྱི་ནང་སྦྱོང་བྱས་པ་ལས་རོགས་སྐྱོབ་མི་སྣའི་གྲང་ངར་བཟོད་ཐབས་དང་ལ་དུག་འགོག་པའི་འཇོན་ཐང་ལ་ཚོད་བགམ་ཆེན་པོ་བྱས་པ་དང་ཆབས་ཅིག ས་བབ་མཐོ་བའི་རོཌ་སྐྱོབ་ལས་འགན་ཡག་པོ་འཁུར་ཐུབ་པའི་ཆེད་ལས་རུ་ཁག་གཅིག་ཧུར་ཐག་གཏོད་ཆེད་རྨང་གཞི་བརྟན་པོ་བཏིངས་བ་རེད།
