[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་མེ་ཟོན་ཉིང་ལག་རུ་ཁག་གིས་མེ་ཟོན་བདེ་འཇགས་ལས་དོན་གྱི་ཡུལ་དངོས་ཀྱི་སློབ་སྦྱོང་སྤེལ་རེས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    sunqq9a54_s.jpg

    བོད་ལྗོངས་མེ་ཟོན་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་བཀོད་སྒྲིག་གཞིར་བཟུང་། ར་མོ་ཆེ་གཙུག་ལག་ཁང་གི་མེ་ཟོན་བདེ་འཇགས་དོ་དམ་ཚད་ལྡན་ཅན་དུ་འཛུགས་སྐྱོང་དང་དོ་དམ་གྱི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བཀོད་འཐབ་པའི་ལས་སྒྲུབ་འཇོན་ཐང་ཆེ་རུ་གཏོང་ཆེད། ཟླ་10ཚེས་18ཉིན་གྱི་ཕྱི་དྲོར། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་དང་རྫོང་དང་ཆུས་ཁག་གི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་བཀོད་འཐབ་པ་ར་མོ་ཆེ་དགོན་དུ་སློབ་སྦྱོང་ལྟ་སྦྱོང་ལ་བསྐྱོད་ཅིང་། ར་མོ་ཆེ་གཙུག་ལག་ཁང་དུ་མེ་ཟོན་བཀོད་འཐབ་པ་ཚོས་རིག་ལྡན་གློག་སྤྱོད་དང་། མེ་ཟོན་ཉེན་གཏོང་མ་ལག ཆུ་འདོན་མདོང་ལམ་སོགས་མེ་ཟོན་གྱི་མངོན་ཡོད་སྒྲིག་ཆས་ལ་ཞིབ་བཤེར་ནན་ཏན་བྱས་པ་དང་འབྲེལ། དགོན་སྡེའི་མེ་སྐྱོན་གྱི་སྔོན་འགོག་ཚོད་འཛིན་མ་ལག་དང་མེ་ཟོན་ལས་དོན་ཡང་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།