[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཡར་ཀླུང་ས་གཞི་ཆེན་པོར་རྣམ་པ་གསར་པ་མངོན།

    འདི་ལོའི་ལོ་སྟོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    འདི་ལོའི་ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་63.91ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་9%འཕར་ནས་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམ་མཐུན་ཧུར་ཐག་བྱེད་པ་དང་། “གཙོ་གནད་གསུམ”མངོན་པར་བྱེད་པ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ། “རྨང་གཞི་འཐུས་སྒོ་ཚང་དུ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱེད་པ། ཁུལ་གསར་སྣེ་ཁྲིད”བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱས་ཡོད།

    ཀ ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།

    ཕྱོགས་གང་ཞིག་ནས་ཚད་བརྒལ་ས་བཙལ་ཏེ་མང་ཚོགས་ཕྱུག་པོར་འགྱུར་བ་བྱེད་དགོས་སམ། ཇི་ལྟར་བྱས་ཏེ་ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་སམ།

    འདི་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་གཞིགས་ཏེ“སྔོ་ལྗང་ཅན”དང“ཕྱུག་པོར་འགྱུར་རྒྱུར”སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ས་གཙང་བདེ་ཐང་ཐོན་ལས་ཀྱི“བརྒྱ་སྟོང་ཁྲིའི་འདུ་འགོད”གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་ནས་ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད།

    བློ་བཟང་སྦྱིན་པ་ནི་ཆུ་གསུམ་རྫོང་ཆུ་མཁར་གྲོང་ཚོའི་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞིའི་འགན་ཁུར་བ་ཞིག་ཡིན་ཞིང་། ལོ་ཁ་ཤས་རིང་གི་འབད་བརྩོན་བྱས་པ་བརྒྱུད། ཁོང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བོད་སྨན་སྨན་རྩྭ་འདེབས་འཛུགས་ཀྱི་ཡོང་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ལྟ་མཉམ་ལས་ཁང་འདིས་བོད་སྨན་སྨན་རྩྭ་མུའུ་540འདེབས་འཛུགས་བྱས་པ་དང་ཐོན་སྐྱེད་བྱས་པའི་བོད་སྨན་སྨན་རྩྭ་དེ་དག་གཙོ་བོ་ལྷོ་ཁ་གྲོང་ཁྱེར་གྱི་བོད་སྨན་བཟོ་གྲྭར་འཚོང་གི་ཡོད།

    སྣེ་གདོང་ཆུས་ཀྱི་ཆུས་ཀྲང་ཀྲང་ཝེ་ཡིས“ང་ཚོས་ཁྲོམ་རའི་དགོས་མཁོ་དང་སྣེ་གདོང་ཆུས་ཀྱི་ཐོན་ཁུངས་སྤུས་རྟགས་ལ་གཞིགས་ཏེ་ཐོན་ལས་རྣམ་གྲངས་ཁག་ཅིག་རྒྱ་སྟོབས་ཆེ་རུ་བཏང་ཡོད་པ་སྟེ། ལྗང་མདོག་ཀྭ་རིགས་རྟེན་གཞི་དང་། ཕག་པ་ཁྲི་གསོ་ཚགས་སོགས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ཞིང་ལས་ཐོན་ལས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་བཏང་ཡོད”ཅེས་བརྗོད།

    ཁ རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།

    དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྣམ་གྲངས་ནི་འདེགས་སྐྱོར་ཡིན་ཞིང་། མིག་སྔར། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་3ལྷག་ཙམ་བཏང་བའི་ལྷོ་ཁ་གྲོང་ཁྱེར་ཆ་ཚང་སློབ་འབྲིང་ལ་སློབ་མ་བསྡུ་འགོ་ཚུགས་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་4.4(ལྷོ་ཁ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་3.3རང་གྲབས་བྱས་པ)བྱས་པའི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡུལ་གཞན་དུ་གནས་སྤོས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། མ་འཇོག་སྒོར་དུང་ཕྱུར་1.9ལྷག་ཙམ་བཏང་བའི་སྒྲོལ་གཡུ་ཆུ་མཛོད་ལས་གྲྭའི་འཕེལ་རིམ་བདེ་བླག་ཡིན་པ་སོགས་རྣམ་གྲངས་དེ་དག་ལག་བསྟར་བྱས་པ་དེས་ལྷོ་ཁ་གྲོང་ཁྱེར་ལ་རྣམ་པ་གསར་པ་དང་མི་མངོན་པའི་གསོན་ཤུགས་ལྡན་པར་བྱས་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་ཤུགས་དང་གཏིང་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།

    རྣམ་གྲངས་མེད་ཚེ་འཕེལ་རྒྱས་ཡོང་མི་སྲིད། གྲོང་ཁྱེར་ཡོངས་ཀྱི་སྡེ་ཚན་ཁག་གིས་ཡོད་ཚད་རྣམ་གྲངས་ལ་དམིགས་པ་དང་། ཡོད་ཚད་རྣམ་གྲངས་ལ་གཞིགས་པ། ཡོད་ཚད་རྣམ་གྲངས་བཞིན་སྒྲུབ་པ་མ་ཟད། བརྩོན་ལེན་བྱེད་ཕོད་པ་དང་། འཐབ་ཕོད་པ་བཅས་ཀྱིས་སྲིད་ཇུས་ཀྱི“རིན་ཐང་ལྡན་ཚད”དེ་འཕེལ་རྒྱས་ཀྱི“ཕན་འབྲས་དངོས”ལ་ཧུར་ཐག་འགྱུར་བར་བྱས་ཡོད།

    ག དམངས་འཚོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་ཐོབ་པ།

    ལྷོ་ཁ་གྲོང་ཁྱེར་གྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ཡིས་བཅོས་སྒྲིག”གི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུའི་སྦགས་བཙོག་འགོག་བཅོས། རྒྱལ་ཁབ་ས་ཆའི་ལྗང་མདོག་བྱ་སྤྱོད་བཅས་ལག་ལེན་ཤུགས་ཆེན་བསྟར་བ། གཙང་པོའི་བྱང་རྒྱུད་ཀྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་སྣོད་བཅུད་ཁོར་ཡུག་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད།

    འདི་ལོའི་ལོ་སྟོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུར་ཕྱིར་ལྟ་བྱེད་སྐབས། ང་ཚོའི་མིག་མདུན་དུ་མངོན་པ་ནི་འབད་འབུངས་ཡར་བརྩོན་གྱི་བརྗིད་ཆགས་རྣམ་པ་རེ་རེ་དང་། མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་གསར་པ་ཁག་རེ་རེ་དང་ཁེ་ལས་ཐོན་སྐྱེད་ཚ་ཚ་འུར་འུར་བྱེད་པ། ཁྱད་ལྡན་ལེགས་ལྡན་ཐོན་ལས་རེ་རེས་མང་ཚོགས་ཕྱུག་པོར་འགྱུར་བ། དམངས་འཚོའི“ཕྱག་རྟགས”རེ་རེ་བཞིན་མི་དམངས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དངོས་ཕན་ལ་འགྱུར་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།