[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁྲིམས་ལུགས་དྲིལ་བསྒྲགས་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    664709_yis_1569390890000_s.jpg

    འདི་ནི་ཁྲིམས་ཁང་གིས་ངང་རྒྱུད་རིང་པོའི་ངང་འདུམ་འགྲིག་བྱེད་བཞིན་པ།

    ཉེ་ཆར་ཀོང་པོ་རྒྱ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་གྲོང་གསར་ཤང་བརླན་ཚལ་གྲོང་ཚོའི་བཟའ་ཚང་ཁ་བྲལ་གྱི་རྩོད་གཞི་ཞིག་འདུམ་འགྲིག་བྱེད་སྐབས། ཕྱོགས་གཉིས་པོའི་དོ་བདག་གྲོང་ཚོ་གཅིག་ཏུ་མེད་པ་དང་སྡོད་ས་འབྲོག་ཁུལ་ཡིན་པ་དང་ལམ་ཐག་རིང་བ་ཤེས་ཏེ“རླངས་འཁོར་ཁྲིམས་ར”གྱོད་གཞི་འདྲི་གཅོད་བྱ་ཡུལ་གྲོང་ཚོར་བཙུགས་ནས་དམངས་ཆེད་ཁྲིམས་འཛིན་གྱི“མཐའ་མའི་འགག་གནད”ཤར་གཏོང་བྱས་ཏེ་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུས་པ་དང་མང་ཚོགས་ཀྱི་ཞུ་གཏུག་རྒྱག་པའི་ཁུར་པོ་ཡང་དུ་བཏང་ཡོད།

    664707_yis_1569390889330_s.jpg

    འདི་ནི་སྣང་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་པས་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།

    ཉེ་ཆར། སྣང་རྫོང་གི་སྡེ་ཚན་མང་པོས་དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོ་དང་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། བརྡ་ཆ་སྦྱར་བ། དྲིལ་བསྒྲགས་སྒྲོམ་ཡིག་བཟོ་བ། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ། བློ་འདྲིའི་ས་ཚིགས་བཙུགས་ནས་ས་གནས་ས་ཐོག་ཏུ་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དུས་བདེའི་སྣང་རྫོང་འཛུགས་སྐྲུན་དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས། ནག་སེལ་གཤེད་བཅོམ། “སྣང་ཆེན་བཞི་དང་དགའ་ཞེན་བཞི” བདེ་འཇགས་ཐོན་སྐྱེད། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》གློག་འཕྲིན་གྱི་ཁ་བསླུས་སྔོན་འགོག་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཤིང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།