[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་ཀྱིས“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ”ཨང་19པ་གཅིག་སྡུད་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    hb10_s.jpg

    འདི་ནི་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་སྨན་པས་མང་ཚོགས་ལ་ཁྲག་ཤེད་ལྟ་བཞིན་པ།

    ཉེ་ཆར “འོད་སྟོང་འབར་བའི་གྲུབ་འབྲས་ལ་བསྟོད་གླུ་ལེན། དམག་དམངས་སེམས་མཐུན་ཕུགས་འདུན་མཉམ་དུ་གཏོད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྗོངས་ཡོངས་ཀྱི་ཚན་པ་17གྱིས་ཁྲོམ་གཞུང་དུ་བསྐྱོད་ནས་དྲིལ་བསྒྲགས་འགྲེམ་པང་བསྒྲིགས་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་མིར་རྒྱལ་སྲུང་སློབ་གསོའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ། “རྒྱལ་སྲུང་ལ་སྣང་ཆེན་དང་། རྒྱལ་སྲུང་ལ་རྒྱབ་སྐྱོར། རྒྱལ་སྲུང་འཛུགས་སྐྲུན”བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་ལ། རྒྱ་ཆེའི་གྲོང་མིའི་རྒྱལ་སྲུང་གི་འདུ་ཤེས་དང་རྒྱལ་གཅེས་དམག་བཀུར་གྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    རང་སྐྱོང་ལྗོངས་རྒྱལ་སྲུང་སློབ་གསོའི་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཝུའེ་པིང་གིས་ངོ་སྤྲོད་བྱས་པར། ཟླ་9ཚེས་21ཉིན་ནས་ཚེས་27ཉིན་བར་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གཟའ་འཁོར་ཡིན་པ་དང་དེའི་རིང་གཞོན་ནུ་ལོ་ཆུང་གི་སློབ་མ་དང་། ལས་བྱེད་ལས་བཟོ། དཔུང་སྡེའི་དཔོན་དམག་བཅས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་རྒྱལ་སྲུང་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་ཁྲིད་པ་དང་། བོད་ལྗོངས་སློབ་ཆེན་དུ་རྒྱལ་སྲུང་སློབ་གསོའི་གཏམ་བཤད་འགྲན་བསྡུར་དང་བརྙན་ཐུང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ། ད་དུང་སྨྱན་སྦྱོར་བརྒྱུད་རྒྱལ་སྲུང་སློབ་གསོའི་རྩོམ་ཡིག་དང་། སྤྱི་ཕན་བརྡ་སྦྱོར། གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་སོགས་བསྟན་པ་རེད།

    “སྔོན་མ་དང་བསྡུར་ན་འདི་ལོའི་དྲིལ་བསྒྲགས་ཀྱི་བྱེད་ཐབས་དཔེ་གསར་སྤྱད་ཡོད། སྔོན་མ་ང་ཚོས་རིགས་ཁག་གི་དྲིལ་བསྒྲགས་ལག་དེབ་གཅིག་པུ་སྤྲོད་ཀྱི་ཡོད་པས་གྲོང་མིས་བལྟས་ཚར་རྗེས་སྤྱིའི་ཆ་ནས་བརྗེད་འགྲོ་གི་ཡོད། འདི་ལོ་ང་ཚོས་ཕོར་པ་དང་། ཨ་ཅོར། སྨྱུ་གུ རས་ཁུག་སོགས་འཚོ་བའི་མཁོ་ཆས་སྤྲད་པ་ཡིན། བྱེད་ཐབས་དེས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲིལ་བསྒྲགས་འཚོ་བ་དང་དེ་བས་ཉེ་བཅར་ཐུབ་རྒྱུའི་རེ་བ་ཡོད”ཅེས་ལིའུ་ཝུའེ་པིང་གིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་གཅིག་སྡུད་དྲིལ་བསྒྲགས་སྟེགས་བུ་17བཙུགས་པ་དང་། སྦྱར་ཡིག་20ལྷག་ཙམ་བཀལ་བ། འགྲེམ་པང་48བཀོད་སྒྲིག་བྱས་པ། ལྗོངས་ཡོངས་ཀྱིས་དྲིལ་བསྒྲགས་དཔེ་དེབ་དང་། དྲིལ་བསྒྲགས་ལག་དེབ། དྲིལ་བསྒྲགས་ཤོག་བུ། དྲིལ་བསྒྲགས་ཟིན་བྲིས་དེབ་སོགས་ཁྲི་10ལྷག་ཙམ་སྤྲད་ཡོད། ལྷ་ས་གྲོང་ཁྱེར་ཕུད་ལྗོངས་ཡོངས་ཀྱི་ས་ཁུལ་གྲོང་ཁྱེར་ཁག་དང་རྫོང་ཁག་གིས་ཀྱང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་དང་བཅའ་ཁྲིམས་ཁྱབ་གདལ་དང་བཅོས་སྒྲིག་ལས་དོན་གཏིང་ཟབ་ལ་སྐུལ་མ་ནུས་ལྡན་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།