[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཕུགས་འདུན་བཅངས་ཏེ་མདུན་སྐྱོད་བྱེད།

    —— བྲག་གཡབ་རྫོང་སྡེ་ཉག་གྲོང་ཚོའི་ཐུབ་བསྟན་གྱི་ཕྱུག་འགྱུར་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    2018ལོའི་གོང་དུ་ཐུབ་བསྟན་ནི་སྡེ་ཉག་གྲོང་ཚོའི་སྨན་པ་ཞིག་ཡིན་ཞིང་། མི་ཚུལ་ལྡན་ཞིག་ཡིན་ལ་འཚོ་བར་སྤྲོ་སྣང་ཆེན་པོ་ལྡན། གྲོང་ཚོ(གྲོང་ལྷན)དུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གི་ཤུགས་རྐྱེན་འོག་ཐུབ་བསྟན་གྱིས་བྲག་གཡབ་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་གོ་སྐབས་ལ་བརྟེན་ནས། རང་ཉིད་ལ་ཟོག་སྐྱེལ་རླངས་འཁོར་ཆེ་གྲས་གཏོང་ཆོག་པའི་ལག་ཁྱེར་ཡོད་པའི་ལེགས་ཆ་སྤྱད་དེ་འབབ་འཕར་ཕྱུག་འགྱུར་གྱི་བསམ་བློ་འཁོར།

    2018ལོར་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་ཐུབ་བསྟན་གྱིས་མི་ཚེའི་ནང་གི་རང་འབེབས་རླངས་འཁོར་ཐོག་མ་དེ་ཉོས་ཏེ་ཟོག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་བྱས་ནས་ཁ་རུབ་ཆུས་དང་། སྨར་ཁམས་རྫོང་། བྲག་གཡབ་རྫོང་སོགས་སུ་སྐྱེལ་འདྲེན་བྱེད་འགོ་བརྩམས། མི་གཤིས་བཟང་བ་དང་། རྣམ་འགྱུར་ཡག་པ། སྤྱོད་ཚུལ་ལེགས་པ་བཅས་ལས་ཐུབ་བསྟན་ལ་གདེང་འཇོག་བཟང་པོ་ཐོབ་ཡོད། ལོ་གཅིག་རིང་ཐུབ་བསྟན་གྱི་ཟོག་འདྲེན་ཚོང་ལས་ཡག་པོ་བྱུང་ནས་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

    2019ལོའི་ལོ་འགོར་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་གྲགས་པ་རྒྱལ་མཚན་དང་ཕུན་ཚོགས་རིན་ཆེན་གཉིས་ལ་རླངས་འཁོར་ཆེ་གྲས་གཏོང་ཆོག་པའི་ལག་ཁྱེར་བདེ་བླག་ངང་རག་ནས་ཟོག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་གྱུར། ལོ་ཕྱེད་ཀྱང་མ་སོང་བར་གྲགས་པ་རྒྱལ་མཚན་དང་ཕུན་ཚོགས་རིན་ཆེན་གཉིས་ལ་ཡོང་འབབ་མང་པོ་བྱུང་རྗེས་སྡེ་ཉག་གྲོང་ཚོའི་གཞོན་ནུ་དེ་བས་མང་བ་སྐྱེལ་འདྲེན་གྱི་ལས་ལ་གཞོལ་འགོ་ཚུགས།

    འབྱུང་འགྱུར་སྐོར་གླེང་སྐབས་ཐུབ་བསྟན་གྱིས“ད་ལྟ་ངའི་ཕྲུ་གུ་ཚོ་བྱམས་མདུན་གྲོང་ཚོར་སློབ་གྲྭ་འགྲིམ་བཞིན་ཡོད། ཕྲུ་གུའི་རྨོ་བོ་ལགས་ཆེད་མངགས་དེར་ལྟ་སྐྱོང་བྱེད་བཞིན་ཡོད། ཁོང་ཚོ་ལུང་ཁུག་ཡིན་པའི་དཔལ་རི་དང་བྲག་གཡབ་ནས་ཕྱིར་ཐོན་ནས་སློབ་ཆེན་དུ་བསྐྱོད་དེ་ཤེས་བྱ་དེ་བས་མང་བ་སྦྱོང་བ་དང་། ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་ཡོད། ང་རང་གི་ངོས་ནས་བརྗོད་ན་སླད་ཕྱིན་སོ་སོར་དབང་བའི་སྐྱེལ་འདྲེན་རུ་ཁག་ཅིག་འཛུགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཁེངས་སྐྱུང་བབ་ཆགས་ལྡན་པའི་ཐུབ་བསྟན་གྱིས་ཞུམ་མེད་མདུན་སྐྱོད་བྱས་ཏེ། སྡེ་ཉག་གྲོང་ཚོའི་མང་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཤིང་། ཁོང་གིས་འགྱུར་མེད་ཀྱི་འཛུམ་མདངས་འཕྱུར་བཞིན་ཚོང་ཟོག་བྱུར་བུར་བླུགས་པའི་ཟོག་སྐྱེལ་རླངས་འཁོར་བཏང་སྟེ་རྒྱ་ཆེ་བའི་ཕུགས་འདུན་དོན་གཉེར་གྱི་ལམ་བུར་བསྐྱོད་པས། ཁོང་ནི་དུས་རབས་གསར་པའི“རླངས་འཁོར་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱེད་མཁན”གཞོན་ནུ་ཞིག་རེད་ལ། དེ་བས“རླངས་འཁོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱེད་མཁན”ཞིག་ཀྱང་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།