[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་སའི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།ལྦུ་སོབ་འཁོར་ཁང་གི་མེ་སྐྱོན་ཞིག་བདེ་བླག་ངང་བསད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཟླ་8ཚེས་18ཉིན་གྱི་ཆུ་ཚོད་15དང་སྐར་མ་17ཙམ་ལ། ལྷ་ས་གྲོང་ཁྱེར་གྱི་119བཀོད་འདོམས་ལྟེ་གནས་སུ་མང་ཚོགས་ཀྱི་ཉེན་དོན་ཁ་པར་ཞིག་འབྱོར་བ་རེད། ཁ་པར་ནང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལྦུ་སོབ་ཚད་ཡོད་ཀུང་སི་ཞིག་ཏུ་མེ་སྐྱོན་ཐོན་ནས་མཁའ་དབྱིངས་སུ་དུ་ནག་ལང་ལོང་དུ་འཕྱུར། སྟབས་ལེགས་པ་ལ་ཉེན་གྱར་མི་སྣ་མི་འདུག་ཅེས་བཤད། ཉེན་དོན་ཁ་པར་འབྱོར་རྗེས། 119བཀོད་འདོམས་ལྟེ་གནས་ཀྱིས་སྔ་རྗེས་སུ་མེ་སྐྱོན་ཆགས་སྒོ་ཐོན་སའི་ཉེ་འགྲམ་ནས་མེ་གསོད་རོགས་སྐྱོབ་དང་འགན་སྲུང་རླངས་འཁོར་14སྐོང་འཐེན་བྱས་པ་དང་བཀོད་འཐབ་པ་53མེ་གསོད་པར་བཏང་བའི་ཁར་ཉིང་ལག་རུ་ཁག་གི་ལས་ཆད་མེད་པའི་བཀོད་འདོམས་པུའུ་ཡིས་མེ་གསོད་ལས་སྒོར་བཀོད་འདོམས་ཀྱང་བྱས་པ་རེད།

    ཆུ་ཚོད་16དང་སྐར་མ་10ཙམ་ལ། མེ་སྐྱོན་ཚོད་འཛིན་ནུས་ལྡན་ཐུབ་པ་དང་ཆུ་ཚོད་16དང་སྐར་མ་55ཙམ་ལ་མེ་རྦད་དེ་བསད་པ་རེད། མེ་བསད་རྗེས་བརྐོ་འདྲུ་འཕྲུལ་འཁོར་གྱིས་མེ་སྐྱོན་ཤོར་ནས་བརྡིབས་པའི་ལྕགས་པང་དང་མངོན་མེད་འབར་དངོས་བསྔོགས་པ་དང་ཆབས་ཅིག སྨི་18ཟིན་པའི་མཐོ་གཏོར་མེ་གསོད་རླངས་འཁོར་དང་མཉམ་དུ་མེ་རོ་བསད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།