[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དམངས་འཚོའི་དོན་དག་ཆུང་ཆུང་ནས་བརྩེ་སེམས་ཟབ་མོ་མཚོན།

    ——རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་ཁག་བརྒྱད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    འདི་ལོའི“དྲུག་གཅིག”བྱིས་པའི་དུས་ཆེན་དེ་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པའི་ངོས་ནས་བརྗོད་ན། རྒྱུན་གཏན་ལས་དྲོ་སྐྱིད་ལྡན་པ་དང་རེ་བས་ཕྱུག་པ་ཞིག་ཡོད། རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གི་ཨ་ཁུ་དང་ཨ་ཅག་ཚོས་དཔེ་ཁུག་དང་ཡིག་ཆས་གསར་པ་རྣམས་ཕྲུ་གུ་ཚོའི་ལག་ཏུ་སྤྲད་པ་དང་། ཁོང་ཚོའི་ཟོལ་མེད་སྐུལ་ལྕག་གི་གཏམ་གླེང་རེ་རེ་ལས་ཕྲུ་གུ་ཚོའི་ལྷད་མེད་སེམས་ཀྱི་ཞིང་ས་གཤིན་པོ་རུ་རེ་བའི་ས་བོན་གྱི་མྱུ་གུ་འབུས་འགོ་ཚུགས།

    གྲོང་སྡོད་ལས་དོན་ནི་གལ་ཆེན་པོ་ཤ་སྟག་ཡིན་པ་དང་དོན་དག་ཆེ་འབྲིང་ཆུང་གསུམ་ཚང་མ་དམངས་འཚོར་ཕྱོཌ་དགོས། རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན་ཁོང་ཚོས་དམངས་ལ་ཐབས་ལམ་ཇི་ལྟར་འཚོལ་དགོས་མིན་དང་། དམངས་ཀྱི་དཀའ་ངལ་ཇི་ལྟར་སེལ་དགོས་མིན། དམངས་འཚོར་སྐུལ་འདེད་ཇི་ལྟར་གཏོང་དགོས་མིན་སོགས་ལ་དམིགས་ནས་ལས་དོན་མང་དག་ཅིག་བསྒྲུབས་ཡོད།

    0814gt2_s.jpg

    འདི་ནི་འདི་ལོའི“དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལས་དོན་རུ་ཁག་གི་རུ་མིས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུར་རྩེད་ཆས་དང་ཡིག་ཆས་སྤྲད་པ་མ་ཟད། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཕྲུ་གུ་ཚོར་བཅའ་ཁྲིམས་ཀྱི་ཤེས་བྱ་འཆད་འཁྲིད་བྱེད་བཞིན་པ།

    བཅར་འདྲིར་བསྐྱོད་ནས“གནད་དོན་གྱི་གསལ་ཐོ”བཏོན་པ།

    བཅར་འདྲི་བརྟག་ཞིབ་བྱ་རྒྱུ་ནི་གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པས་རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་དམིགས་བསལ་གང་ཡང་མེད་པར་ལས་དོན་དེ་སྒྲུབ་འགོ་བརྩམས།།

    གནས་ཚུལ་གསལ་རྟོགས་དང་ལས་དོན་གྱི་བསམ་ཕྱོགས་གསལ་པོ་བཟོས་ཏེ། མཐིལ་རྟོགས་བརྟག་ཞིབ་ནན་ཏན་བྱ་ཆེད། རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་སྡེ་ཁུལ་དུ་བཅའ་སྡོད་བྱས་ཚུན། དམངས་ཀྱི་བསམ་ཚུལ་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། མང་ཚོགས་ལ་བཅར་འདྲི་བྱེད་པ། དུད་ཚང་དུ་བསྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། འབྲེལ་མཐུད་ཟབ་མོ་བྱས་ཏེ་དབུལ་ཕོངས་ཀྱི་གནས་ཚུལ་དང་དཀའ་སྡུག་ཤེས་རྟོགས་བྱས་པ་དང་། སྙིང་གཏམ་ལྷུག་པོར་གླེང་ནས་ཡིད་རྣལ་ལ་ཕབ་སྟེ་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་གང་ཡིན་པ་དང་། མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་གང་བྱེད་པ། མང་ཚོགས་ཀྱིས་བསམ་བློ་མང་ཤོས་གང་གཏོང་བ་བཅས་གསལ་པོ་ཤེས་པར་བྱས་ཡོད།

    བཅའ་སྡོད་བྱེད་པའི་དུས་ཚོད་2018ལོའི་དགུན་དུས་དང་འཁེལ་བས། མི་སེར་ཚོར་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ནི་གསང་སྤྱོད་ཀྱི་ཆུ་སྒམ་དང་ཆུ་མདོང་གས་པ་དང་ཐོག་ཁ་ནས་ཐིགས་པ་བརྒྱབ་པ་སོགས་ཀྱི་དོན་དག་ཆུང་ཙག་ཤ་སྟག་ཡིན་མོད། འོན་ཀྱང་རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་སྣང་མེད་དུ་མ་བཞག་པར་གྲོང་མིའི་འཚོ་བར་རྙོག་དྲ་བཟོ་བའི་མངོན་མེད་རྐྱེན་ངན་དེ་དག་འཕྲལ་མར་ཐག་གཅོད་བྱས་ཡོད།

    “དབུལ་སྒྲོལ་གྱི་ཇུས་གཞི”བརྟག་ཞིབ་བྱས་ནས་བཏོན་པ།

    ཆུ་མདོང་གས་པ་དང་ཐོག་ཁ་ནས་ཐིཌ་པ་བརྒྱབ་པ་སོཌ་ནི་རྗེ་འབུམ་སྒང་སྡེ་ཁུལ་གྱི་གྲོང་མི་ཚོའི་མིག་སྔའི་སེམས་ནད་ཅིག་རེད། འོན་ཀྱང་མང་ཚོཌ་ཀྱི་ངོས་ནས་བརྗོད་ན། དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོཌ་སུ་བསྐྱོད་རྒྱུ་ནི་ཁོང་ཚོས་རེ་སྒུག་བྱེད་པ་དང་བསམ་བློ་གཏོང་བའི་དོན་ཆེན་རེད།

    དབུལ་སྐྱོར་བརྟག་ཞིབ་ཀྱི་མཐིལ་རྟོཌ་ལས་དོན་ཡག་པོ་སྤེལ་ནས་མི་འབོར་དབུལ་པོའི་གྲངས་འབོར་དང་། དབུལ་ཕོངས་ཀྱི་ཚད་གཞི། དབུལ་པོར་འགྱུར་རྐྱེན་སོཌ་མཐིལ་རྟོཌ་ཁ་གསལ་བྱ་ཆེད། རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་འཕྲལ་དུ་ཚོཌ་འདུ་འཚོཌ་ནས་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཚན་ཁག་དང་། གཉིས་ལྡན་དུད་སྦྲེལ་བརྟག་ཞིབ་ལས་དོན་ཚོགས་ཆུང་བཙུཌ་ནས་སྡེ་ཁུལ་གྱི་ཁྱིམ་ཚང་དབུལ་པོར་བསྐྱོད་དེ་བརྟག་དཔྱད་བྱས་པ་དང་། དུད་ཚང་ཚང་མའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཀྱི་གནས་ཚུལ་དང་དེ་བཞིན་དར་མའི་ངལ་རྩོལ་ནུས་ཤུགས་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། དབུལ་པོའི་འབྱུང་རྩར་མཐིལ་རྟོགས་ཏན་ཏིག་བྱས་པ་རེད།

    གནད་སྨིན་དབུལ་སྐྱོར་དང་ཆ་འཕྲིན་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་རོགས་སྐྱོར་བྱ་ཡུལ་གྱི་དུད་ཚང་དབུལ་པོ་ཡོད་དོ་ཅོག་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱ་ཆེད། ཟླ་5ཚེས་10ཉིན་གྲོང་སྡོད་ལས་དོན་རུ་ཁག་གིས་སླར་ཡང་ཁོངས་གཏོགས་ཁུལ་གྱི་རྒྱུན་སྡོད་མི་འབོར་ལ་བཅར་འདྲི་བྱས་ནས་རོགས་སྐྱོར་བྱ་ཡུལ་གྱི་ཁྱིམ་ཚང་གི་གནས་ཚུལ་དང་། སྡོད་ཁང་གི་གནས་ཚུལ། དཔལ་འབྱོར་ཡོང་འབབ། དེ་བཞིན་དབུལ་པོར་གྱུར་རྐྱེན་སོགས་རེ་རེ་བཞིན་ཐོ་འགོད་ནན་ཏན་བྱས་པ་དང་། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནས་པའི་དཀའ་གནད་དངོས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁོང་ཚོ་དང་མཉམ་དུ་ཐབས་འཚོལ་ཇུས་འདོན་དང་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་ཧུར་ཐག་བཙལ་ཏེ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་དབུལ་སྒྲོལ་ཇུས་གཞི་བཟོས་པ་རེད།

    བརྟན་ལྷིང་སྲུང་སྐྱོང་གི་འགག་རྩ་དེར་དམ་པོར་དམིགས་པ།

    གྲོང་སྡོད་ལས་དོན་རུ་ཁག་གིས་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང“གཉིས་ལྡན་དུད་སྦྲེལ”གྱི་ཁོངས་མི་དང་མཉམ་དུ་སྡེ་ཁུལ་གྱི་དོན་དངོས་གནས་ཚུལ་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གྱི་ཁྱད་ཆོས་ལ་གཞིགས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་ལས་ཀའི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། བརྟན་ལྷིང་མེད་པའི་རྒྱུ་རྐྱེན་ཁག་ཏན་ཏིག་བསལ་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་སྣ་ཚོགས་ཐག་གཅོད་ཧུར་ཐག་བྱེད་པ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ལ་དབྱེ་ཞིབ་དང་། གྲལ་བཤེར། སེལ་བ་བཅས་བྱས་ཏེ་དུས་བདེའི་སྡེ་ཁུལ་གཏོད་ཆེད་དང་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུར་རྨང་གཞི་བཟང་པོ་ཞིག་བཏིང་བ་རེད།

    རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་དུད་ཚང་དུ་བསྐྱོད་ནས་འཚམས་འདྲི་བྱེད་པ་དང་བཅར་འདྲི་བྱེད་པའི་གོ་སྐབས་སྤྱད་དེ“ནག་སེལ་གཤེད་བཅོམ”གྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ནག་གཤེད་ཕྱོགས་གཏོགས་མཆེད་རྒྱུ་དང་འཕེལ་རྒྱས་འགྲོ་རྒྱུར་བཀག་འགོག་ནུས་ལྡན་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བདེ་སྡོད་ཚོར་སེམས་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད། གྲོང་སྡོད་ལས་དོན་རུ་ཁག་གིས་སྔ་རྗེས་སུ“ནག་སེལ་གཤེད་བཅོམ”གྱི་བྱེད་སྒོ་ཐེངས་4སྤེལ་བར་སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་200ལྷག་ཙམ་ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།