[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དམངས་དང་སེམས་པ་འབྲེལ་ནས་སྐུ་ཉིད་ལ་ལྟ་སྐྱོང་བྱེད།

    བོད་ལྗོངས་ཀྱི་སྤྱི་བདེ་སྡེ་ཚན་གྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    0705ft1.jpg

    འདི་ནི་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

    0705ft2.jpg

    འདི་ནི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་པས་མང་ཚོགས་ལ་དྲིལ་བསྒྲཌ་ཡིག་ཆ་སྤྲོད་བཞིན་པ།

    ཟླ་5ཚེས་15ཉིན་ནི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་ཉིན་མོ་ཡིན་ཞིང་། དཔལ་འབྱོར་ཉེས་གསོག་གི་བྱེད་ཐབས་གསར་པ་སྣ་ཚོགས་སྔར་བས་དམར་འདོན་བྱེད་པ་དང་། ཁ་བསླུས་རྒྱག་སྟངས་ཤེས་རྟོགས་དང་སྔོན་འགོག་བྱེད་པའི་རྒྱ་ཆེའི་མང་ཚོགས་ཚོའི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། བོད་ཀྱི་དངུལ་རྩ་ལྟ་འདོམས་ཅུས། ཁྲལ་དོན་ཅུས། ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པ་40ལྷག་ཙམ་གྱིས་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུའི་ལྟེ་གནས་སུ“དམངས་དང་སེམས་པ་འབྲེལ་ནས་སྐུ་ཉིད་ལ་ལྟ་སྐྱོང་བྱེད”ཅེས་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཉེས་གསོག་བྱེད་ཐབས་དམར་འདོན་དང་འགོག་ཟོན་གྱི་ཐབས་ཤེས་བསླབས་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་དང་པོ་ནས་ཟླ་བཅུ་གཉིས་པའི་ཚེས་30ཉིན་བར་ལྗོངས་ཡོངས་ཀྱི་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་སྡེ་ཚན་གྱིས་དཔལ་འབྱོར་ཉེས་གསོག་གྱོད་གཞི་194གྱོད་དོན་ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་9.76%ཆག་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་38.84ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་11.61%ཆག་ཡོད། མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་7143མི་ཕོག་པ་བྱས་པ་དེ་དུས་མཚུངས་ལས་545.45%འཕར་ཡོད། སྤྱི་ཡོངས་ནས་བལྟས་ན། གན་རྒྱའི་ཁ་བསླུས་དང་། ལས་གནས་ལ་བརྟེན་ནས་བཙན་བཟུང་། ཡིད་རྟོན་གཱ་ཡི་ཁ་བསླུས་སོགས་རྒྱུན་སྲོལ་གྱི་དཔལ་འབྱོར་ཉེས་གསོག་གྱོད་གཞི་སྔར་བཞིན་དེང་སྐབས་ཐོན་མང་བའི་དཔལ་འབྱོར་ཉེས་གསོག་ཏུ་གྱུར་པ་དང་། དེས་གྱོད་དོན་ཐོ་འགོད་བསྡོམས་འབོར་གྱི་56.2%བཟུང་བ་དང་། སྤ་སེ་རྫུས་མ་བཟོས་ནས་ཁྲལ་ཡག་པོ་མི་འཇལ་བ་དང་ས་འོག་དངུལ་ཁང་རིགས་ཀྱི་གྱོད་གཞི་རྒྱུན་མཐུད་ངང་ཐོན་པ་དེས། གྱོད་དོན་ཐོ་འགོད་བསྡོམས་འབོར་གྱི་9.8%བཟུང་ཡོད། སྤྱི་དམངས་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་ཉེས་གསོག་གི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་མངོན་གསལ་དོད་དུ་ཕྱིན་པས་འགོག་ཟོན་དང་ཐག་གཅོད་ཀྱི་ལས་འགན་ལྕི་རུ་ཕྱིན་ཡོད།

    “2018ལོ་ཁོ་ནར་ང་ཚོས་གྱོད་གཞི་280ལྷག་ཙམ་བདག་སྤྲོད་བྱས་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་12ཟིན་ཡོད། དེར་བརྟེན་མི་སེར་ཚོའི་ཁ་བསླུས་སྔོན་འགོག་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད”ཅེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    མང་ཚོགས་ཀྱི་འགོག་ཟོན་འདུ་ཤེས་ཟབ་ཏུ་བཏང་བ།

    2018ལོར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་ཏུ“ཀྲེ་ཅང་དབུན་ཀྲོའུ་ཡི་དྲ་དམངས་ལྷ་སའི་ATMདངུལ་ལེན་འཕྲུལ་ཆས་ལ་འདྲ་བཟོས་དངུལ་ལེན་འཕྲུལ་ཆས་བསྒར་བར་སླེབས་པའི”ཁུངས་སྣེ་འབྱོར་རྗེས། འཕྲལ་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་བརྡ་ཐོ་བཏང་བ་མ་ཟད། ཆེད་དོན་མྱུལ་ཞིབ་ལས་དོན་སྤེལ་དུ་བཅུག་པ་རེད། ལས་བགོས་འགན་འཁུར་བའི་བཀོད་འདོམས་དང་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེཌ་ཤུགས་ཆེན་འོག ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཆུ་ཚོད་33ཙམ་བསྟུད་མར་འབད་འཐབ་བྱས་རྗེས། སྐབས་དང་བསྟུན་ནས་འདྲ་བཟོས་དངུལ་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་ཏེ་དངུལ་ཁང་གཱ་ཡི་ཆ་འཕྲིན་རྐུ་མཁན་ཧྥུང་ཆེ་གེ་མོ་སོགས་ཉེས་གསོག་དོཌ་ཅན་བཞི་བདེ་བླག་ངང་བཟུང་བ་རེད།

    གྱོད་གཞི་དེ་དུས་ཐོག་ཏུ་ཐག་གཅོད་ཐུབ་པས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བྱས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་ཁྲིམས་སྐྱོང་གི་འདུ་ཤེས་ལག་ལེན་བསྟར་བར་འགོ་ཁྲིད་དང་རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་ཐོབ་ཡོད།

    དཔལ་འབྱོར་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་བ།

    “འདི་ལོ་ལྗོངས་ཡོངས་ཀྱི་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་སྡེ་ཚན་གྱིས་སྤ་སེ་རྫུས་མ་བཟོས་ནས་ཁྲལ་ཡག་པོ་མི་འཇལ་བར་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཆེད་དོན་ལས་དོན་གྱི་སྟོབས་ཤུགས་བཟང་སྒྲིག་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་གྱོད་གཞིའི་ཁུངས་སྣེར་སྔར་བས་དབྱེ་ཞིབ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ། ཆོས་ཉིད་དང་ཁྱད་ཆོས་ཤེས་རྟོགས་བཅས་བྱས་ནས། རང་ལྗོངས་ཀྱི་སྤ་སེ་རྫུས་མ་བཟོས་ནས་ཁྲལ་ཡག་པོ་མི་འཇལ་བའི་ཆེད་དམིགས་བྱ་སྤྱོད་གཏིང་ཟབ་ངང་སྤེལ་བ་དང་སྦྲགས། མུ་མཐུད་གྱོད་གཞི་གལ་ཆེན་ཁག་གཅིག་རྩད་གཅོད་ཐུབ་པའི་བརྩོན་ལེན་བྱས་ནས་ལྗོངས་ཡོངས་ཀྱི་ཁྲལ་བསྡུ་དོ་དམ་གྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ཡོང་རྒྱུར་ལེགས་སྐྱེས་འབུལ་རྒྱུ་རེད”ཅེས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་བཤད།

    རྒྱུན་གཏན་ནས་རྡུང་རྡེག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་གྱོད་གཞི་ཆེ་ཆུང་ཚང་མ་རྩད་གཅོད་བྱེད་རྒྱུ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཐོན་མང་བའི་དཔལ་འབྱོར་ཉེས་གསོག་གི་གྱོད་གཞིར་རྡུང་རྡེག་ནན་པོ་གཏོང་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།