[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁྱིམ་མཚེས་ལ་རོགས་རམ་བྱ་རྒྱུར་དགའ་བའི་ནོར་བུ་ཆོས་གྲགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

    ལོ་ལྔ་བཅུར་སླེབས་པའི་ཡན་ཡུང་ལོ་བརྒྱད་ཀྱི་གོང་དུ་ཀུའེ་ཀྲོའུ་ནས་ལྷ་སར་ལས་མི་བྱེད་པར་ཡོང་པ་དང་། ཀླད་ཁུམས་ནད་ཕོག་སྟེ་རིམ་བཞིན་འགྲོ་སྐྱོད་མི་བདེ་བར་གྱུར་ནས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད། ཡན་ཡུང་ཕྱོགས་མི་ཡིན་པས་ས་གནས་དེ་གའི་ཐེམ་ཐོ་མེད་རྐྱེན། ས་གནས་དེ་གའི་སྲིད་ཇུས་མང་པོ་ཞིག་ལོངས་སྤྱོད་བྱ་ཐབས་བྲལ་ལ། ཁོང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ནང་འཇུག་ཐབས་བྲལ།

    གནས་ཚུལ་དེ་དག་ཤེས་རྟོགས་བྱུང་རྗེས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་ཨུ་ལྷན་གྱི་གྲོང་མིའི་ཚོགས་ཆུང་གི་ཙུའུ་ཀྲང་ནོར་བུ་ཆོས་གྲགས་ཀྱིས་དུས་ཐོག་ཏུ་ཡན་ཡུང་ཁྱིམ་གྱི་གནས་ཚུལ་སྡེ་ཁུལ་ལ་སྙན་སེང་ཞུས་པ་དང་སྦྲགས། ཡར་རྒྱུག་མར་རྒྱུག་བྱས་ནས་ཡན་ཡུང་ལ་རོགས་སྐྱོབ་སྲིད་ཇུས་མང་པོ་རེ་ཞུ་བྱས།

    “ང་སྡོད་སའི་ཁང་པར་མཛེས་བཟོ་བྱས་པ་མ་ཟད། ད་དུང་འཛིན་ཆས་ཀྱང་ཉོས་པ་དང་། ཨ་ཁུ་ཆོས་གྲགས་ཀྱིས་རང་ཁྱིམ་གྱི་སྒོར་3000ཙམ་རི་བའི་རྐུབ་སྟེགས་འཁོར་ལོ་ཅན་ང་ལ་སྟེར་བྱུང”

    “ད་དུང་ང་ལ་ཉིན་རེར་སྒོར་20ཙམ་རི་བའི་རིན་མེད་སྔོ་ཚལ་རག་ཐབས་བྱས་བྱུང”

    ཡན་ཡུང་གིས་སྐད་ཆ་དེ་དག་ཤོད་བཞིན་མིག་ནང་དྲིན་ཚོར་གྱི་མཆི་ཞག་འཁོར།

    ནོར་བུ་ཆོས་གྲགས་ཁྱིམ་གྱི་འཚོ་བའི་འཁོས་ཀ་དེ་ཙམ་ཡག་པོ་མེད་མོད། ཁོང་གིས་སྔ་རྟིང་བསྡོམས་ཡན་ཡུང་ལ་སྒོར་ཁྲི་3ཙམ་རག་ཐབས་བྱས་ཡོད།

    མཐུན་སྒྲིལ་གྲོང་གསར་གྱི་སྐོར་གླེང་སྐབས། ནོར་བུ་ཆོས་གྲགས་ཀྱིས། “མི་རིགས་མཐུན་སྒྲིལ་ནི་ལས་དོན་མཐའ་དག་གི་རྩ་བ་ཡིན་པ་དང་། མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་རྣམས་ནི་ང་ཚོའི་སྡེ་ཁུལ་གྱི་མིང་དང་མཚུངས་པར་མཐུན་སྒྲིལ་དང་མཛའ་བཤེས་ཟབ་པ་དང་། ཕན་ཚུན་བརྩི་བཀུར་དང་རོགས་རམ་བྱེད་པ། འཚོ་སྡོད་འཆམ་མཐུན་ཆེ་བ་བཅས་ཡོད་པས་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་མཛའ་བཤེས་ཀྱི་བསྡུས་རིས་ཤིག་རང་རེད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།