[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྤྱི་བདེ་པུའི་རིག་རྩལ་ཡན་ལག་རུ་ཁག་གིས་བོད་ལྗོངས་སུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    sunqq9656.jpg

    འདི་ནི་སྤྱི་བདེ་པུའི་རིག་རྩལ་ཡན་ལག་རུ་ཁག་གིས་རང་ལྗོངས་ཀྱི་དཔའ་བོ་དཔེ་བཟང་མི་སྣར་ཡིག་གཟུགས་བརྩམས་ཆོས་འབུལ་བཞིན་པ།

    ཉེ་ཆར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཉེན་རྟོག་པའི་བྱེད་སྒོ་ལྟེ་གནས་སུ་སྤྱི་བདེ་པུའི་2019ལོའི“སྤྱི་བདེའི་རིག་གནས་གཤམ་སྤེལ”གྱི་རིག་རྩལ་ཡན་ལག་རུ་ཁག་གིས་བོད་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད། ད་རེས་ཀྱི་འཚམས་འདྲིའི་འཁྲབ་སྟོན་བྱེད་རིང་། རིག་རྩལ་ཡན་ལག་རུ་ཁག་གིས་གཞས་མ་གཏམ་དང་། གླུ་གར། རོལ་དབྱངས་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་ངེས་ཏེ། རྩ་བ་ས་མཐོར་བཙུགས་ནས་རང་འགན་ལེགས་པར་སྒྲུབ་མཁན་རང་ལྗོངས་ཀྱི་ཉེན་རྟོག་པའི་ལྷད་མེད་བརྩེ་སེམས་མཚོན་པར་བྱས་པ་དང་འབྲེལ། སྤྱི་བདེའི་ནང་མིས་སྤྱི་བདེའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཡང་བླངས་ཡོད། ཁོང་ཚོའི་འཁྲབ་སྟོན་ལ་དེར་ཡོད་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་དགའ་བསུ་ཚད་མེད་ཐོབ་པ་རེད།

    “ང་ཚོས་སྤྱི་བདེ་པུའི་རིག་རྩལ་ཡན་ལག་རུ་ཁག་གི་འཚམས་འདྲིའི་འཁྲབ་སྟོན་དེ་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ཏེ། མི་སེམས་སྔར་བས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བདེ་སྲུང་ལས་དོན་གལ་ཆེན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན”ཞེས་ལྗོངས་སྤྱི་བདེ་ཐིང་ཆབ་སྲིད་པུའི་ཀྲུའུ་རེན་ཧོང་ཨར་ཧྲེང་གིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།