[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དཀའ་ངལ་དུ་མ་ཁྱད་དུ་བསད་། མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།

    ​ —— གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་བཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཁང་དམར་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་དམར་ཐིག་གི་འདུ་ཤེས་བརྟན་པོ་བཙུགས་པ་དང་མཐའ་ཚད་ཀྱི་བསམ་བློ་སྐྱེད་སྲིང་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགན་ལེན་བྱ་ཡུལ་ནུས་ལྡན་ཞིག་ཏུ་བརྩིས་པས། 2014ལོ་དང་2018ལོར་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། མངའ་ཁོངས་ཀྱི་གནས་ཉིང་ཆོས་སྡེ་དགོན་ལ་2018ལོར་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

    གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་གཏོད་འཛུགས་བྱེད་སྒོ་སྤྱི་ཚོགས་ཅན་ལ་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱས་ཏེ་ཐབས་མང་མཉམ་སྤྱོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་མི་སེམས་ཟམ་མི་ཆད་པར་གཅིག་ཏུ་བསྒྲིལ་བ་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

    སློབ་གསོ་ལག་ལེན་བྱེད་སྒོར་དམ་འཛིན་ཏན་ཏིག་བྱས་པ། ཁང་དམར་རྫོང་གིས་བབ་བསྟུན་ལས་སྒྲུབ་དང་དུས་བསྟུན་བྱ་སྤྱོད་སྤེལ་ནས“གསར་འགྱུར་མཉམ་བསྒྲགས་གྲྭ་ཤག་ཏུ་ལྟ་བ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་སྒུལ་བདེའི་དུད་སྣེ་སྤྱད་དེ་རྫོང་ཡོངས་ཀྱི་སྒུལ་བདེ་སྤྱོད་མཁན་ལ་ཟླ་རེར་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། མི་རིགས་མཐུན་སྒྲིལ། བོད་གསར་རྙིང་བསྡུར་བ་སོགས་ཀྱི་ཆ་འཕྲིན་15000ལྷག་ཙམ་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོར་དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་ཐོབ་པ་དང་གང་སར་བག་ཆགས་བཟང་པོ་འཇགས་པར་བྱས་པས། ཁང་དམར་རྫོང་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་ཕྱིན་པ་དང“མོས་སེམས་ལྔ”ཤུགས་ཆེར་ཕྱིན་ཡོད་པ་རེད།

    དྲིལ་བསྒྲགས་ཀྱི་རྣམ་པ་མངོན་གསལ་དོད་པོ་ཡོང་བར་བྱས་པ། ཁང་དམར་རྫོང་གིས་གྲོང་ཁྱེར་གྱི“ཅན་དྲུག”འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་བྱང་བུ་བཟོ་བ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་གཏོད་པ། 《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》དང《མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བ་དྲིས་ལན》སོགས་དྲིལ་བསྒྲགས་ལག་དེབ་བཀྲམ་ནས་དྲིལ་བསྒྲགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གཏོད་པའི་ལས་དོན་དེ་བས་མིག་མཐོང་ཅན་དང་ཞིབ་ཕྲ་ཅན་ལ་གྱུར་བར་བྱས་པ་རེད།

    བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཁང་དམར་རྫོང་གིས་རྫོང་གྲོང་དུ་མི་རིགས་འདུས་སྡོད་ཆེ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་མཉམ་སྡོད་ཀྱི་ཏ་ཆིང་ཁྲོམ་གཞུང“མི་རིགས་མཐུན་སྒྲིལ་གྱི་ཁྲོམ་གཞུང”ལ་མིང་བསྒྱུར་བ་དང་ལན་ཆིའུ་སྤོ་ལོའི་ཐང་ཆེན་རྙིང་པ་མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན་ལ་བསྒྱུར་ནས་རྫོང་གྲོང་གི་མངོན་གསལ་དོད་སར་རིག་གནས་གྱང་བཟོས་ཏེ་སྤྱི་པའི་རིག་གནས་ཞབས་འདེགས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་བ་རེད།

    ཚོགས་སྤྱིར་དམ་འཛིན་གནད་འཁེལ་བྱས་ནས་གཏོད་འཛུགས་བྱེད་སྒོ་མང་ཚོགས་ཅན་ལ་སྐུལ་འདེད་བཏང་བ།

    དྲིལ་བསྒྲགས་སློབ་གསོའི་ཚོགས་པར་སྟངས་འཛིན་ཡང་དག་བྱེད་པ་མི་རིགས་མཐུན་སྒྲིལ་གཏོད་པའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཞིག་རེད། ཁང་དམར་རྫོང་གིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་དྲིལ་བསྒྲགས་སློབ་གསོའི་ཚོགས་སྤྱིར་དམ་འཛིན་བརྟན་པོ་བྱས་ནས་ཁང་དམར་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཚང་མ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།

    ཞིང་འབྲོག་པའི་ཚོགས་སྤྱིར་དམིགས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང“མི་རིགས་མཐུན་སྒྲིལ་ཡག དཔལ་འབྱོར་འཕེལ་རྒྱས་ཡག འཚོ་བ་འབྱོར་ཕྱུག་ཡག ཤང་སྲོལ་ཤེས་དཔལ་ཡག དམངས་གཙོའི་དོ་དམ་ཡག”བཅས་བརྗོད་དོན་གཙོ་བོར་བྱས་པའི་གཏོད་འཛུགས་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་སྦྲགས། “6·2”མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོ་དང་ཟླ་9པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་གོ་སྐབས་སུ་བྱས་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ཀྱི་གྲོང་གསེབ་དང་སློབ་གྲྭར་དྲིལ་བསྒྲགས་བྱེད་སྒོ་ཆེ་གྲས་སྤེལ་བ་རེད། བསྡོམས་རྩིས་ལ་གཞིགས་ན། 2018ལོར་དྲིལ་བསྒྲགས་བྱེད་སྒོ་ཐེངས་110ལྷག་ཙམ་སྤེལ་བར་སློབ་གསོ་འཐོབ་མཁན་མང་ཚོགས་མི་ཐེངས་60000ཟིན་པ་རེད།

    དཔེ་མཚོན་བཏོད་དེ་གཏོད་འཛུགས་བྱེད་སྒོ་སྣེ་ཁྲིད་ཅན་ལ་སྐུལ་འདེད་བཏང་བ།

    ཁང་དམར་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཟླ་བ་ཚེ་རིང་གིས། “ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས་དང་། གྲོང་གསེབ། སློབ་གྲྭ་བཅས་གཏོད་པ་དམ་འཛིན་བྱ་གཞིར་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་། སྲོལ་གསར་སྤྱོད་བཟང་གི་སྣེ་ཁྲིད་པ། སྒྲིག་བཀུར་ཁྲིམས་སྲུང་གི་ཁ་དན་ཚིག་གནས་པ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་སྦྲགས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཡོད། དཔེ་མཚོན་ལ་གཟེངས་བསྟོད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། ‘བསྡུར་སློབ་སྙེག་བརྒལ’བཅས་ཀྱི་རྣམ་པ་ཟབ་མོ་བཏོད་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད”ཅེས་བཤད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཡིན་པའི་ཁང་དམར་རྫོང་གིས་གྲུ་གཡོར་འཕྱར་ནས་རྡོག་ཐོན་བྱེད་པ་དང་དཀའ་ངལ་ཁྱད་བསད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པས། འབད་འཐབ་ཀྱི་རྣམ་པ་དང་། མཐུན་སྒྲིལ་གཅིག་སྒྲིལ་གྱི་རྣམ་པ། ཞི་མཐུན་གྱི་རྣམ་པ་བཅས་གང་སར་མངོན་ནས་དུས་བདེ་དང་། འབྱོར་ཕྱུག ཤེས་དཔལ། ཁྲིམས་སྐྱོང་། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་ཁང་དམར་རྫོང་གཏོད་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།

    0510ft11.jpg

    འདི་ནི་ཁང་དམར་རྫོང་གི་མི་རིགས་མཐུན་སྒྲིལ་ཐང་ཆེན་གྱི་ཟུར་ཞིག་ཡིན་པ།

    0510ft14.jpg

    འདི་ནི་ཁང་དམར་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་སྤྲོ་སྣང་ལྡན་པའི་བྱེད་སྒོ་དགོན་སྡེར་སྤེལ་བཞིན་པ།

    0510ft13.jpg

    འདི་ནི་ཁང་དམར་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་སྤྲོ་སྣང་ལྡན་པའི་བྱེད་སྒོའི་བོད་རྒྱ་སྐད་ཡིག་གཉིས་ནས་མིང་ཚིག་ཚོད་དཔག་བྱེད་པའི་འགྲན་བསྡུར་དགོན་སྡེར་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།