[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དཀའ་བ་དུ་མ་ཕྲག་ཏུ་འཁུར། སྤྱི་བདེའི་བྱ་གཞག་སྒྲུབ་པར་འབད།

    —— སྣང་རྫོང་གྲོང་མདའ་རིམ་གཉིས་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་རོགས་ཉེན་རྟོག་པ་ཕུར་བུ་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-07

    སྣང་རྫོང་གི་རྫོང་གྲོང་ནས་ནུབ་ངོས་ཀྱི་སྤྱི་ལེ་35ཡི་སར་གློག་སྒྲོན་འཚེར་བའི་གྲོང་མདའ་རིམ་གཉིས་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཉིང་ཁྲི་གྲོང་ཁྱེར་གྱི“ནུབ་སྒོ་ཆེ་མོ”ལ་གྱུར་ཡོད། 

    ཞིབ་བཤེར་ས་ཚིགས་སུ་ངོ་གདོང་ནག་ཅིང་མིག་ཟུང་ལས་སྟོབས་ཤུགས་ཡོངས་སུ་མངོན་པའི་ཕོ་གསར་ཁ་ཤས་ཡོད་པའི་གྲས་སུ་ཕུར་བུ་ཚེ་རིང་ཡང་ཚུད།

    ཉེ་དུས། གྲོང་མདའ་རིམ་གཉིས་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་དཀའ་སྡུག་ལ་མི་སྐྲག་པ་དང། ཤི་རྒྱུར་མི་སྐྲག་པ། མུ་མཐུད་འབད་འཐབ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་མཐའ་གཅིག་ཏུ་བཏང་སྟེ་བློ་སྟོབས་ཆེན་པོ་དང་དཀའ་སྤྱད་ཧུར་ཐག་གི་སྙིང་སྟོབས་ལ་བརྟེན་ནས་གཞི་རིམ་དང་འཐབ་ཕྱོགས་དང་པོར་གཞི་བཙུགས་ཁར། ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སོ་སོའི་ལས་ལ་གཞོལ་བཞིན་ཡོད། མི་དམངས(ལས་རོགས)ཉེན་རྟོག་པ་རེས་ཉིན་ལྟར་རེས་མོས་ལས་རེས་ཀྱིས་ཆུ་ཚོད་24ཡི་རིང་ཞིབ་བཤེར་ལས་འགན་ཧུར་ཐག་སྒྲུབ་བཞིན་མཆིས།

    ཕུར་བུ་ཚེ་རིང་ནི་ལས་རོགས་ཉེན་རྟོག་པ་ཞིག་ཡིན་ནའང་། “ཞིབ་ཚགས་ཤིང་ལས་འགན་ཏན་ཏིག་འཁུར་བའི”རྣམ་འགྱུར་གྱི་ཐོག་ནས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པར་ལས་རོགས་བྱེད་པ་མ་ཟད“རླངས་འཁོར་དང་། མི་སྣ། ཅ་དངོས། དོགས་གཞི་བཅས་གཅིག་ཀྱང་མ་ལུས་པར་ཞིབ་བཤེར”མཐའ་གཅིག་ཏུ་བྱེད་ཀྱི་ཡོད།

    ཟླ་3ཚེས་9ཉིན། ཕུར་བུ་ཚེ་རིང་གཟུགས་པོ་མི་བདེ་བར་གྱུར་ནས་གྲོད་ཁོག་ན་བ་སོགས་ཀྱི་ནད་རྟགས་མངོན། འོན་ཀྱང་ལས་འགན་ལྕི་བས་གལ་ཏེ་དགོངས་པ་ཞུས་ན་བློ་མཐུན་གཞན་ལ་ལས་འགན་དང་དཀའ་ངལ་དེ་བས་ཆེ་བ་འཕྲད་ངེས་རེད་བསམ་ནས་བཟོད་བསྲན་བྱས། ལས་རེས་གྲུབ་རྗེས་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སོང་ནས་སྨན་ཉོས་ཏེ་དྲག་སྐྱེད་ཡོང་རེ་བྱས་པ་རེད།

    ཟླ་3ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་7པར། ཆུ་ཚོད་བཅུ་གྲངས་རིང་ལས་གནས་བརྟན་སྲུང་བྱས་པའི་ཕུར་བུ་ཚེ་རིང་ལས་རེས་ཁང་དུ་དྲན་པ་ཐོར། ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ལམ་སེང་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད་ཕུར་བུ་ཚེ་རིང་ངལ་དུབ་ཆེ་དྲགས་ནས་དོས་དྲག་གི་རྒྱུ་ལྷག་ནད་ཕོག་པས་ལམ་སེང་གཤག་བཅོས་བྱས།

    “དཀའ་བ་དུ་མ་ཕྲག་ཏུ་འཁུར། སྤྱི་བདེའི་བྱ་གཞག་སྒྲུབ་པར་འབད”ཕུར་བུ་ཚེ་རིང་ལྟ་བུའི་བློ་མཐུན་བཟང་པོ་ཡོད་པའི་རྐྱེན་གྱིས་ལས་འགན་ཧུར་ཐག་སྒྲུབ་པ་དང་ལེགས་སྐྱེས་འབུལ་ཕོད་པ། སོ་སོའི་ཐོབ་ཤོར་ལ་བསམ་བློ་མི་གཏོང་བར་སྐད་གྲགས་མེད་པར་རང་ཉིད་ཀྱི་ལས་གནས་སུ་འབད་འཐབ་བྱེད་པ་དང་། རང་ཉིད་ཀྱི་ཡོད་ཚད་མི་དམངས་མང་ཚོགས་ལ་སྐྱེས་སུ་འབུལ་ཕོད་པར་བརྟེན། སྤྱི་བདེའི་ལས་དོན་གཞི་ནས་དར་རྒྱས་གོང་འཕེལ་ཡོང་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།