[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མཚོ་སྣ་རྫོང་དུ་ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གིས་མཉམ་དུ་གྱོད་དོན་སྒྲུབ་པ་རྒྱུན་རྣམ་དུ་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-07

     ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གིས་མཉམ་དུ་གྱོད་དོན་སྒྲུབ་པ་རྒྱུན་རྣམ་གསར་པ་ཞིག་ཏུ་གྱུར་ཡོད། འདི་ལོའི་ཟླ་2ཚེས་26ཉིན། མཚོ་སྣ་རྫོང་ཁྲིམས་ཁང་གི་ཡོན་ཀྲང་སྐར་གྲོས་འདྲི་གཅོད་དཔོན་དང་རྫོང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལུའུ་ཅན་གྱིས་གཞུང་གཏུག་བ་བྱས་ཏེ་སླར་ཡང་མཉམ་དུ་གྱོད་དོན་སྒྲུབ་པ་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གི་ཚན་རྩལ་ཁྲིམས་རར་ཡོངས་བསྒྲགས་ཁྲིམས་ར་འཚོགས་ཏེ་ལས་ཐོག་ཉེས་གསོག་གི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    ཁྲིམས་སར་འདྲི་གཅོད་བྱེད་རིང་། ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གིས་ལོ་མང་གི་གྱོད་སྒྲུབ་ཉམས་མྱོང་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོར་བརྟེན་ནས་རང་སོ་སོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། འདྲི་གཅོད་དཔོན་སྐར་གྲོས་ཁྲིམས་རའི་གོ་རིམ་ཡང་དག་སྒོ་ནས་སྟངས་འཛིན་བྱས་པ་དང་། ལྷུ་ཚིགས་ཁག་དང་འབྲེལ་གཏུག་དམ་ཟབ་དང་། གོ་རིམ་གསལ་བ་བཅས་ཀྱི་ཐོག་ནས་ཞུ་སྦྱོར་ཕྱི་མའི་ཁྲིམས་མཐུན་ཞུ་གཏུག་ཁེ་དབང་འགན་སྲུང་གང་ལེགས་བྱས་ཡོད། གཞུང་གཏུག་བ་ལུའུ་ཅན་གྱི་གཞུང་གཏུག་བསམ་འཆར་གྱི་བསམ་ཕྱོགས་གསལ་བ་དང་། བདེན་ཡོད་ཁུངས་ལྡན། གཙོ་གནད་མངོན་གསལ་དོད་པ་བཅས་ཀྱི་ཐོག་ནས་ཉེས་དོན་ཉེས་གསོག་པར་ཁྲིམས་ལྟར་ཆད་གཅོད་དང་སྦྲགས་དམངས་གཉེར་ཁེ་ལས་ཀྱི་རྒྱུན་གཏན་འཁོར་རྒྱུག་འགན་ལེན་བྱེད་དགོས་ཞེས་བཤད།

    གྱོད་གཞི་དེ་དཀའ་གནད་དང་རྙོག་འཛིང་ཆེ་བས་ཁྲིམས་སར་འདྲི་གཅོད་བྱེད་སྐབས་ཉིན་དེའི་སྔ་དྲོའི་ཆུ་ཚོད་10པ་ནས་ཕྲི་དྲོའི་ཆུ་ཚོད་6པ་དང་སྐར་མ་30བར་རྒྱུན་མཐུད་བྱས་པ་དང་འདྲི་གཅོད་དཔོན་སྐར་གྲོས་ཁྲིམས་ར་འཚོགས་མཚམས་བཞག་ནས་རྗེས་སུ་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    མཚོ་སྣ་རྫོང་གི་ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གིས་གྱོད་དོན་བསྒྲུབས་པ་དེས་ལས་བྱེད་ཉེན་རྟོག་པས་གྱོད་དོན་སྒྲུབ་པར་དཔེ་སྟོན་དང་། སྣེ་ཁྲིད། མཛུབ་ཁྲིད་བཅས་ཀྱི་ནུས་པ་ཐོན་ཡོད། ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གིས་འཐབ་ཕྱོགས་དང་པོར་སྣེ་ཁྲིད་དེ་གྱོད་དོན་སྒྲུབ་རྒྱུ་རྒྱུན་རྣམ་ཅན་ལ་འགྱུར་བ་བྱས་པ་འདི་ནི་སྤུས་ལེགས་ཀྱི་འདྲི་གཅོད་ཐོན་ཁུངས་འཐབ་ཕྱོགས་དང་པོར་སྤྱོད་པ་ཞིག་ཡིན་པ་མ་ཟད། དེ་བས་ཁྲིམས་འཛིན་གྱི་སྤྱི་མོས་ཐོབ་ཚད་སྔར་བས་གོང་མཐོར་ཕྱིན་པ་ཞིག་ཀྱང་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།