[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དགེ་རྒྱས་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-30

    ཉེ་ཆར་གསར་འགོད་པར་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི“དགེ་རྒྱས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ”གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོར་དགེ་རྒྱས་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་། དོན་ཆེན། དམངས་འཚོའི་འདུ་འགོད་གལ་ཆེན་བཅས་ལ་བརྩིས་ནས་བསམ་ཕྱོགས་དང་བྱེད་ཕྱོགས་ཁ་གསལ་དང་འགན་འཁྲི་ནན་དུ་བཏང་སྟེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་མ་ཏན་ཏིག་བཏང་སྟེ་རྫོང་ཡོངས་བདེ་བླག་ངང་དབུལ་ཞྭ་ཕུད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། དགེ་རྒྱས་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཡིན་པ་དང་། རྫོང་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་པ་དང་རྫོང་གྲོང་གནས་ཡུལ་ས་བབ་མཐོ་ཚད་སྨི་4567ཡིན་པས་མཐོ་གྲང་ཁུལ་གྱི་ཁོངས་སུ་གཏོགས་པ་དང་ལོ་ལྟར་འབྲོག་རྩྭ་སྐྱེ་བའི་དུས་ཚོད་ཟླ་3ཁོ་ན་ལས་མེད་ལ་ཨར་ལས་དུས་ཚོད་ཟླ་4ལྷག་ཙམ་ལས་མེད། དཀའ་ངལ་སྣ་ཚོགས་ལ་ཕྱོགས་སྐབས་ཀྲང་ཧྲུའུ་ཆང་གིས་དགེ་རྒྱས་རྫོང་གིས་ཏང་དང་མི་དམངས་ལ་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ་པའི་ཡིད་ཆེས་དང་། ཆོད་སེམས། ནུས་པ་བཅས་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།