[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྲིད་གཞུང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་བརྟན་པོ་ཞིག་བསྐྲུན་པ།

    ​ལྷ་ས་གྲོང་ཁྱེར་གྱི་ཡིག་བསྐུར་ངོ་བཅར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པ་དང་། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས། ཡིག་བསྐུར་ངོ་བཅར་ལས་དོན་གྱི་ལམ་ལུགས་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་ལག་བསྟར་གཏིང་ཟབ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་ལ་དམ་པོར་དམིགས་པ། “ཅན་བདུན”གྱི་ལས་ཀའི་བྱེད་ཐབས་དམ་འཛིན་བྱ་གཞིར་བྱེད་པ། “ཀུན་གསལ་ཡིག་བསྐུར་ངོ་བཅར་དང་། ཁྲིམས་སྐྱོང་གི་ཡིག་བསྐུར་ངོ་བཅར། འགན་འཁྲིའི་ཡིག་བསྐུར་ངོ་བཅར”བཅས་དང་ཟླ་བ་གཉིས་ནང་ཚུན་གྱི་ཡིག་བསྐུར་ངོ་བཅར་གྱི་དོན་དག་ཁག“མཚམས་མི་འཇོག་པ”དམིགས་ཚད་དུ་བྱེད་པ། འབད་འབུངས་ཡར་བརྩོན་དང་། དངོས་སྒྲུབ་གསར་གཏོད། ལས་དོན་ཏན་ཏིག་སྒྲུབ་པ། སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་ཏན་ཏིག ཞི་མཐུན་གྱི་རྒྱུ་རྐྱེན་མང་དུ་གཏོང་གང་ཐུབ། རྒྱུན་རྣམ་གསར་པའི་འོག་གི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྤྱིའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། མཛེས་སྡུག སྐྱོན་བྲལ། བདེ་སྐྱིད་བཅས་ལྡན་པའི་ལྷ་ས་གསར་པ་སྐྲུན་ཆེད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

    གྲལ་བཤེར་གྱི་རྒྱུན་རྣམ་ཅན་མཐའ་འཁྱོངས་བྱས་པ།

    ལྷ་ས་གྲོང་ཁྱེར་གྱིས“ལྟེ་བ་བཞི”སྟེ་གྲོང་ཁྱེར་དང་། རྫོང་ཆུས། ཤང་གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁྲུའུ) གྲོང་ཚོ་བཅས་རིམ་བཞིའི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་འདུམ་འགྲིག་ལྟེ་གནས་བཙུགས་ནས་རིམ་པ་བཞིན་བསྡུ་རུབ་དང་། རིམ་པ་བཞིན་མཐུན་སྦྱོར་བར་འདུམ། རིམ་པ་བཞིན་གོང་ཞུ་བཅས་ཀྱི་ལས་ཀའི་བྱེད་ཐབས་སྤྱད་དེ་རིམ་པ་དེ་རང་གིས་མཐུན་སྦྱོར་དང་བར་འདུམ་བྱེད་མ་ཐུབ་པའམ་ཡང་ན་གོང་རིམ་སྡེ་ཚན་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་ཉིན་དེ་རང་དུ་རིམ་པ་གོང་མར་ཞིབ་འཇུག་དང་མཐུན་སྦྱོར་ཐག་གཅོད་བྱ་རྒྱུར་བསྐྱལ་ཡོད། གྲལ་བཤེར་ཆེ་མོའི་དྲ་མིག་གི་རྣམ་པ་ཆགས་ནས“ཟུང་འབྲེལ་ལྔའི”རྨང་གཞིའི་ཐོག་ལས་གྲྭ་འཛུགས་སྐྲུན་དང་། ཁྲོམ་རའི་ཉོ་ཚོང་། སྨན་བཅོས་འཕྲོད་བསྟེན། གྲོང་ཁྱེར་དོ་དམ། སྡོད་ཁང་བོགས་གཏོང་། ས་ཆ་བསྡུ་ལེན་དང་བཤིག་སྤོ། ཁེ་ལས་སྒྱུར་བཅོས། བདེ་འཇགས་ཐོན་སྐྱེད། ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་གྲལ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས། ཏང་སྲིད་འགོ་ཁྲིད་ཀྱིས་གཙོ་བོ་བྱེད་པ་དང་། ལས་སྒོའི་གོང་འོག་རིམ་པའི་འགོ་ཁྲིད་དང་ཏང་སྲིད་འགོ་ཁྲིད་ཟུང་འབྲེལ་གྱི་གྲལ་བཤེར་ཆེ་མོའི་དྲ་རྒྱ་ཆགས་པ་དང་ཁུངས་འཁྱོལ་ཙམ་མིན་པ་དང་། ཁུག་ཆ་མི་ལུས་པ། མངོན་མེད་རྐྱེན་ངན་མེད་པ་བཅས་ཀྱི་གྲལ་བཤེར་ཆེ་མོ་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད།

    འབྱུང་རྩ་ནས་སྔོན་འགོག་མཐའ་འཁྱོངས་བྱས་པ།

    ལྷ་ས་གྲོང་ཁྱེར་གྱིས་ཚན་རིག་དང་། དམངས་གཙོ། ཁྲིམས་ལྟར་བཅས་ཀྱི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་གལ་ཆེན་དང་། བྱེད་ཐབས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཞིབ་འཇུག་ཐག་གཅོད་མ་བྱས་གོང་གི་ཁྲིམས་མཐུན་རང་བཞིན་དང་། ལུགས་མཐུན་རང་བཞིན། བྱེད་འཐུས་རང་བཞིན། བདེ་འཇགས་རང་བཞིན་བཅས་ལ་ཚོད་སྐོར་བྱས་པ་རེད། བཞུགས་མོལ་ཚོགས་འདུ་དང་། དཔང་ཉན་ཚོགས་འདུ། རིགས་པས་ཁུངས་སྐྱེལ་ཚོགས་འདུ། འདྲི་རྩད་ཚོགས་འདུ་སོགས་འཚོགས་པའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་འཆར་ཉན་ནས་སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ་། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་བཅས་བྱས་པས་ཐབས་ཇུས་ནོར་འཁྲུལ་དབང་གིས་ཐོན་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་སྔོན་འགོག་ཐུབ་པ་དང་ཉུང་དུ་ཕྱིན་ཡོད། “གཙོ་གནད་གཤམ་སྒྱུར་དང་འགག་སྒོ་ནན་སྲུང”གི་སྤྱིའི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་རྫོང་ཆུས་8དང་། ཤང་གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁྲུའུ)64 གྲོང་ཚོ་ཨུ་ལྷན(སྡེ་ཁུལ་ཨུ་ལྷན)269བཅས་ལ“གཉིས་ལྡན་དུད་སྦྲེལ”ལས་ཀའི་འགན་འཁྲིའི་ལམ་ལུགས་བཙུགས་པ་དང་། དྲ་མིག་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་དོ་དམ་ཆ་འཕྲིན་མ་ལག་གིས་དྲ་མིག་ནང་གི་གཞི་རྩའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པའི་ཐབས་ལ་བརྟེན་ཏེ། དྲ་མིག་ནང་གི་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དང་། ཡིག་བསྐུར་ངོ་བཅར་གྱི་འབྱུང་རྩ། མང་ཚོགས་ཀྱིས་སྙན་སེང་ཞུས་པའི་གླེང་མང་བ་དང་དཀའ་གནད་བཅས་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་པས། རིམ་བཞིའི་དྲ་མིག་ཞབས་ཞུའི་དོ་དམ་མ་ལག(རྫོང་དང་། ཤང་། གྲོང་ཚོ། “གཉིས་ལྡན་དུད་སྦྲེལ” དྲ་མིག)ཆགས་པ་དང་གཞི་རིམ་ནས་ཤེས་རྟོགས་བྱུང་བའི་འགལ་ཟླ་དང་རྩོད་གཞི་གཞི་རིམ་ནས་སེལ་ཐུབ་པ་བྱུང་ཡོད།

    ཐབས་ལམ་ཤར་བགྲོད་ཅན་མཐའ་འཁྱོངས་བྱས་པ།

    ལྷ་ས་གྲོང་ཁྱེར་གྱིས་མཉམ་འབྲེལ་ངོ་བཅར་སྣེ་ལེན་ཧུར་ཐག་སྤེལ་ནས་མཉམ་འབྲེལ་ངོ་བཅར་སྣེ་ལེན་གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་སྲིད་ཁྲིམས་དང་། ཡིག་བསྐུར་ངོ་བཅར། ངལ་རྩོལ་ལྟ་ཞིབ་སོགས་ལས་དོན་གྱི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་ཡིག་བསྐུར་ངོ་བཅར་སྡེ་ཚན་དུ་བཅའ་ཁྲིམས་དང་ཞུ་གཏུག་དང་འབྲེལ་བའི་སྣེ་ལེན་སྐར་ཁུང་བཙུགས་ཏེ་གལ་འགངས་ཆེ་ལ་རྙོག་འཛིང་ཆེ་བའི་གནད་དོན་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་མཉམ་འབྲེལ་ངོ་བཅར་སྣེ་ལེན་བྱས་པས། “གཅིག་གྱུར་ཐོག་བདག་སྤྲོད་དང་། ཁོངས་གཏོགས་ཀྱིས་གཉེར་བ། རང་སར་ཐག་གཅོད། གྱོད་ཐོ་བཀོད་ནས་ཐག་གཅོད། བསྒྲུབ་རྒྱུར་སྤྲོད་པ་དང་ལྟ་སྐུལ། བཅའ་ཁྲིམས་རོགས་སྐྱོར”བཅས་ཀྱི་མཉམ་འབྲེལ་ངོ་བཅར་སྣེ་ལེན་གྱི་རྣམ་པ་ཞིག་ཆགས་ཡོད། མང་ཚོགས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་། རྨང་བརྟན་དམངས་ཕན་དང་། “སྐྱོད་པ་གསུམ་དང་། མཉམ་དུ་བཞི། གསུམ་གཅིག ”“འཚམས་འདྲི་ལྔ”བཅས་ཀྱི་བྱེད་སྒོ་སོགས་གཞི་རྟེན་དུ་བྱེད་པ། འགོ་ཁྲིད་ལས་བྱེད་པས་ངོ་བཅར་སྣེ་ལེན་བྱེད་པ་དེ་མང་ཚོགས་དང་འབྲེལ་བ་བྱེད་པའི་ཡུན་རིང་རང་བཞིན་གྱི་ལམ་ལུགས་སུ་བརྩི་བ། གཙོ་གནད་ཐོག་ངོ་བཅར་སྣེ་ལེན་བྱེད་པ་དང་། ཆེད་དོན་གྱི་ངོ་བཅར་སྣེ་ལེན། གྱོད་གཞི་སྒྲུབ་རིང་གཤམ་དུ་སྐྱོད་པ། གཞི་རིམ་དུ་བསྐྱོད་ནས་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པས་འགོ་ཁྲིད་སྐུ་ངོ་མས་གྲལ་བཤེར་དང་། སྡེ་ཚན་གྱིས་ཕྱར་བ་གྲུ་འདེགས། མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།