[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བསམ་པའི་ཀལ”གསབ་ནས“ཏང་གཤིས་ཀྱི་བླ་སྲོག”བཏོད་པ།

    ​ —— གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཡོན་གྱི་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-18

    ཏང་གི་དཔུང་ཁག་སྔར་བས་སྟོབས་ཆེར་བཏང་ནས་ཏང་རྩ་འཛུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས། “ཏང་འཛུགས་ཇོ་རིའི”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས“ནན་པོ”གཙོར་བོར་བཟུང་བ་དང“ཏན་ཏིག”མཐིལ་འདེགས་སུ་བྱས་ཏེ་ཏང་ཡོན་ལས་བྱེད་པའི“བསམ་པའི་ཀལ”གསབ་ནས“ཏང་གཤིས་ཀྱི་བླ་སྲོག”བསྐྲུན་པ་རེད།

    ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ།

    ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ནི་སྦྱོང་དགོས་ངེས་ཤིག་རེད། འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ཡོད། གཞིས་རྩེ་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གོང་གིས་འོག་གི་སྣེ་ཁྲིད་པ་དང་དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་བྱས་པ་དང“སྒོ་རྒྱག་དང་གཅིག་སྡུད”ཟུང་དུ་འབྲེལ་བའི་རྣམ་པ་གསར་གཏོད་བྱས་པ། ཚོགས་འདུས་གསོ་སྦྱོང་གི་ཚབ་བཅས་བྱས་ཏེ་ཆེད་མངགས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ལ་དམིགས་ནས་གཅིག་སྡུད་སློབ་སྦྱོང་ཐེངས་40བྱས་པ་རེད།

    ཟླ་8པའི་ཟླ་འགོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེའི་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཤེས་དགོས་ངེས་ཀྱི་ཤེས་བྱ་ཚོད་རྒྱུགས་དང་དམ་རྒྱུགས་ཀྱི་རྣམ་པའི་ཐོག་ནས་ལས་བྱེད་ལས་བཟོའི་ཆབ་སྲིད་ཀྱི་བྱང་ཚད་ལ་ཞིབ་དཔྱད་བྱས་པ་རེད།

    ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་དུ་བཏང་བ།

    གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་དབྱང་ཁུན་གྱིས་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་སློབ་སྦྱོང་། ཏང་གྲོན་བསྡུ་བ། ཏང་ཡོན་གྱི་ཚོགས་རྟགས་འདོགས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། གཞི་རིམ་ནས་དམ་འཛིན་བྱས་ཏེ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་གཞི་རྩའི་བླང་བྱར་བརྩིས་ནས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་དེ་ཏང་ཡོན་འཚར་ལོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    གཞི་རིམ་གྱི་ཏང་དོན་ལས་དོན་གྱི་སྟོབས་ཤུགས་ཞན་པའི་ལྷུ་ཚིགས་ལ་དམིགས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ཏེ་རིམ་པ་བཞིན་འདེམས་སྒྲུག་བྱས་པ་བརྒྱུད་ཕུལ་བྱུང་ཏང་དོན་ལས་དོན་པ་400ལྷག་ཙམ་ལས་གྲུབ་པའི་སྒྲིག་འཛུགས་པའི་དཔུང་ཁག་ཅིག་བཙུགས་པ་དང་སྦྲགས། གསོ་སྦྱོང་དང་གཅིག་སྡུད་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་སྒྲིག་འཛུགས་པའི་ལས་སྒོའི་འཇོན་ཐང་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཏང་ཡོན་འཕེལ་རྒྱས་དང་། སློབ་གསོ། དོ་དམ་སོགས་རྨང་གཞིའི་རང་བཞིན་གྱི་ཏང་དོན་ལས་དོན་ལ་དམ་འཛིན་བྱེད་མཁན་ཆེད་མི་ཡོད་པ་དང་དམ་འཛིན་ཡག་པོ་ཐུབ་པ་བྱས་པ་རེད།

    ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་པ།

    ཉེ་དུས་གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཀྲི་པུའི་ཧྲུའུ་ཅིར་གསོ་སྦྱོང་རྒྱུན་མཐུད་ངང་བྱས་ཏེ་བྱེད་ཐབས་ལད་ཟློས་དང་། ཕན་སྐུལ་ཞིབ་བསྡུར། གྱོད་གཞི་དབྱེ་ཞིབ། ཉམས་མྱོང་སྤེལ་རེས། དམག་དོན་ནང་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་མ་ཚོ་ཏང་ཀྲི་པུའི་འདེམས་བསྐོ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” ཏང་ཡོན་གསོ་སྐྱོང་དང་། འཕེལ་རྒྱས། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ལ་ཞུགས་ནས་ཕྱོགས་བསྡུས་འགན་ནུས་སྔར་བས་ཆེ་རུ་བཏང་ཡོད་པ་རེད། དོ་དམ་ནན་པོ་དང་ཕན་འབྲས་དངོས་ཐོན་པ་བྱས་ཏེ་གསོ་སྦྱོང་ཡིང་གིས་དམག་དོན་ཅན་གྱི་དོ་དམ་དང་སྒོ་རྒྱག་རྣམ་པའི་དོ་དམ་བྱས་པ་དང་སྦྲགས་གནས་སྐབས་ཀྱི་ཏང་ཨུད་དང་། ཏང་སྤྱི་ཁྱབ་ཀྲི་པུའུ། ཏང་ཀྲི་པུའུ་བཅས་བཙུགས་ཏེ་ཏང་ཡོན་གྱི་དོ་དམ་དང་། སློབ་གསོ། དཔྱད་ཞིབ་བཅས་ཀྱི་འགན་འཁུར་ཡོད་པ་རེད།

    དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཀའི་དགོས་མཁོ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གྲོང་ཁྱེར་རིམ་པ་ནས་ཉུང་མཐར་ཡང་མི་50དང་། རྫོང་རིམ་པ་ནས་ཉུང་མཐར་ཡང་མི་20ཤང་རིམ་པ་ནས་ཉུང་མཐར་ཡང་མི་5བཅས་ཀྱི་ཚད་གཞི་གཞིར་བཟུང་མི་1400ལས་གྲུབ་པའི་ཏང་ཡོན་ལ་སློབ་གསོ་གསོ་སྦྱོང་བྱེད་མཁན་དགེ་རྒན་དཔུང་ཁག་ཅིག་བསྐྲུན་པ་རེད།

    “གཏན་འབེབས་བྱ་སྤྱོད”ལ་དམ་འཛིན་ཡག་པོ་དང“རང་འདེམས་བྱ་སྤྱོད”གསར་གཏོད་བྱེད་པར་གཞིས་རྩེ་གྲོང་ཁྱེར་གྱིས་སློབ་སྦྱོང་གི་གཞི་རྟེན་ཟམ་མི་ཆད་པར་གསར་གཏོད་དང་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་གི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་པ་རེད། ད་ཆ་གྲོང་ཁྱེར་དེའི་རྒྱ་ཆེའི་ཏང་ཡོན་གྱིས“སློབ་སྦྱོང”གི་ནང་དོན་དང“སྒྱུར་བཅོས”ཀྱི་བླང་བྱ། “བྱེད་ཐབས”ཀྱི་ཚད་གཞི་བཅས་ལ་དམ་པོར་དམིགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚད་ལོན་གྱི་ཏང་ཡོན་ཞིག་བྱས་པ་དང་ཏང་རྩ་འཛུགས་ཀྱི་གསོན་ཤུགས་ནམ་ཡང་གནས་པ་བྱས་པ། ཟམ་མི་ཆད་པར་སྟོབས་ཆེར་འགྲོ་བའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།