[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དག་ཞིང་མཐའ་མ་ལེགས་པར་སྲུང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཀྲེན་ཧྲའོ་ཅེ།    |    སྤེལ་དུས།   2018-01-30

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་མཚོ་བོད་ས་མཐོའི་མཁའ་རླུང་སྦགས་བཙོག་ཡོང་ཁུངས་དང་ས་ཞིང་བྱེ་ས་ཅན་དུ་འགྱུར་རྒྱུར་ཚོད་འཛིན་དང་བྱེ་ས་ཅན་དུ་འགྱུར་རིགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ན་ཁ་དང་། འདམ་ར། རང་བྱུང་ནགས་ཚལ་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འཐབ་ཇུས་ཀྱི་མཐོ་ཚད་དེ་ཐོག་ནས་འགོ་བཙུགས་ཏེ་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྣོད་བཅུད་ཁོར་ཡུག་དྭངས་གཙང་ཡོང་བའི་འགན་ལེན་བྱ་རྒྱུ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་པའི་གཞི་རྩའི་བླང་བྱ་ཞིག་ཀྱང་ཡིན་ཞེས་གསལ་སྟོན་བྱས་ཡོད།

    མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་བར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་ནག་ཆུས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་ནགས་བཟོ་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱེད་པ། ཤིང་ཡོངས་ཁྱབ་ཏུ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། རྩྭ་འདེབས་རྒྱུ་འཚམ་སར་རྩྭ་འདེབས་པ་དང་ཤིང་འཛུགས་རྒྱུ་འཚམ་སར་ཤིང་འཛུགས་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་ནག་ཆུའི་ཤིང་འཛུགས་ལས་དོན་ཧུར་ཐག་སྤེལ་དགོས།

    དམངས་ཡོངས་ཀྱི་རྩྭ་འདེབས་ཤིང་འཛུགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་ཡོད་པའི་ས་གནས་ཚང་མས་ཤིང་འཛུགས་ནགས་བཟོའི་བརྩོན་ལེན་བྱས་ནས་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་པའི་ཁོར་ཡུག་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས།

    ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར། ངེས་པར་དུ་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་། ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱས་ནས་ སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྲུང་སྐྱོང་ཨང་དང་པོ་དང་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་པའི་ལམ་བུའི་ཐོག་སྐྱོད་པ། སྣོད་བཅུད་བདེ་འཇགས་ཡོང་བའི་རྨང་གཞིའི་ཐོག་འཕེལ་རྒྱས་གཏོང་བ། སྣོད་བཅུད་བདེ་འཇཌ་ཀྱི་མཐའ་ཚད་དང་དམར་ཐིག་ནན་པོ་སྲུང་བ། “བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུཌ་སྐྲུན་བྱེད་དགོས་པའི”སྐོར་གྱི་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོཌ་ཐེངས་གསུམ་པའི་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་ཙམ་བྱུང་རུང་སྣོད་བཅུད་ཁོར་ཡུག་བློས་གཏོང་གཏན་ནས་མི་བྱེད་པ་བཅས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།