[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས།

    བོད་རྒྱ་ཡིག་རིགས་གཉིས་སློབ་སྦྱོང་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཡག་པོ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-26

     ཏང་ཡོན་ལས་བྱེད་པའི་བརྡ་སྤྲོད་ཀྱི་འཇོན་ཐང་ཆེ་རུ་དང་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་དང་། བོད་རྒྱ་ཡིག་རིགས་གཉིས་ནས་གོ་བ་ལེན་པ་དང་བེད་སྤྱོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བར་གཞི་ཚུགས་པ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་ཆེད། གསང་ཡིབ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག(ཁྲེང་ཀོན་ཆུས་ཀྱིས་མངགས་པ)གིས“ཆ་སྒྲིག་བྱེད་པ་དང་། ལམ་ལུགས་འཛུགས་པ། སྟབས་བསྟུན་སློབ་སྦྱོང”བཅས་ཀྱི་སློབ་སྦྱོང་བྱེད་སྟངས་སྤྱད་ནས་བོད་རྒྱ་ཡིག་རིགས་གཉིས་སློབ་སྦྱོང་གི་བྱེད་སྒོ་ཏན་ཏིག་སྤེལ་བ་རེད།

    “ཆ་སྒྲིག་བྱེད་པའི”རྣམ་པར་བརྟེན་ནས་ཕན་ཚུན་རོགས་རམ་དང་ཕན་ཚུན་སློབ་སྦྱོང་བྱས་ཤིང་། གསང་ཡིབ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་པ་ནས་བཟུང་ཏང་ཡོན་ལས་བྱེད་པའི་བརྡ་སྤྲོད་འཇོན་ཐང་གོང་མཐོར་ཇི་ལྟར་གཏོང་བའི་སྐོར་ལ་ཆེད་དོན་བགྲོ་གླེང་བྱས་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་བསམ་འཆར་གང་མང་ཉན་རྗེས། “གཅིག་གཏད་གཅིག”གི་ཆ་སྒྲིག་སློབ་སྦྱོང་རྣམ་པ་གཏན་འཁེལ་བྱས་པ། ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་རྒྱ་བོད་བློ་མཐུན་དབར་ཆ་སྒྲིག་བྱས་ཏེ་སློབ་སྦྱོང་བྱེད་པའི་གཏན་འཁེལ་ཁ་གསལ་བྱས་ནས་བོད་རྒྱ་ཡིག་རིགས་གཉིས་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་གསབ་རེས། མཉམ་དུ་ཡར་རྒྱས་བཅས་ཡོང་བའི་འགན་ལེན་བྱས་པ་དང་། “ལམ་ལུགས་འཛུགས་པའི”རྣམ་པར་བརྟེན་ནས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གསང་ཡིབ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་སློབ་སྦྱོང་གི་ལམ་ལུགས་བཙུགས་ཏེ་གཟའ་འཁོར་རེར་སློབ་སྦྱོང་ཐེངས་རེ་མཐའ་འཁྱོངས་བྱས་པ་དང་། སློབ་སྦྱོང་བྱེད་མཁན་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་སློབ་དེབ་དང་ཟིན་བྲིས་དེབ་སྤྲད་དེ་སློབ་སྦྱོང་གི་ནང་དོན་ཟིན་བྲིས་རྒྱག་པར་སྟབས་བདེ་བསྐྲུན་པ་དང་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ། ལས་དོན་རུ་ཁག་དང་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་བྱས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྨང་གཞི་ཅུང་ཡག་པའི་བོད་རིགས་ལས་བྱེད་པ་བདམས་ཏེ་ཟུར་ཁྲིད་དགེ་རྒན་གྱི་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ། དུས་བཀག་ལྟར་སློབ་སྦྱོང་གི་ནང་དོན་ཁ་གསབ་དང་སློབ་ཁྲིད་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སློབ་སྦྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་པའི་འགན་ལེན་བྱས་པ། “རྣམ་པ་སྣ་ཚོགས”ལ་བརྟེན་ནས་སྟབས་བསྟུན་སློབ་སྦྱོང་བྱས་ཤིང་། གསང་ཡིབ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་བོད་རིགས་དང་རྒྱ་རིགས་བློ་མཐུན་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་ལས་རེས་ཁང་དུ་ཉིན་ལྟར་ཀྲུང་དབྱང་གསར་འགྱུར་མཉམ་བསྒྲགས་དང་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་གྱི་གསར་འགྱུར་མཉམ་བསྒྲགས་མཉམ་དུ་ལྟ་རུ་འཇུག་པ་དང་། རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཕན་ཚུན་སློབ་སྦྱོང་། ཏང་ཡོན་ལས་བྱེད་པ་ཚོས་སྒྲ་འདོན་པའི་རྩལ་ནུས་དང་རྒྱུན་གཏན་འཚོ་བའི་ཁྲོད་བེད་སྤྱོད་པའི་སྐད་ཆ་ཁོང་དུ་ཆུད་པ་བཅས་བྱས་ནས་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།