
མིག་སྔའི་བར། པེ་ཅིང་གིས“ཆེད་ལེགས་ཁྱད་གསར”ཁེ་ལས་འབྲིང་ཆུང་3370དང་། གྲོང་ཁྱེར་རིམ་པའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པའི་ཁེ་ལས་1141 རྒྱལ་ཁབ་རིམ་པའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པའི་ཁེ་ལས་257བཅས་སྐྱེད་སྲིང་བྱས་པ་རེད། འདི་ལོ་ནས་བཟུང་ཁེ་ལས་དེ་དག་གིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་བརྟན་པོའི་ངང་འཕར་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཞིང་། འདི་ནི་ཟླ་6ཚེས་10ཉིན་པེ་ཅིང་གྲོང་ཁྱེར་གྱི་ཆེད་ལེགས་ཁྱད་གསར་གྱི་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པའི་ཁེ་ལས་ཏེ། ཐན་ཧའེ་བཟོ་ལས་ཀྱི་བཟོ་པས་ཚ་ཚ་འུར་འུར་ངང་རླངས་འགྱུར་རང་བྱུང་སོལ་རླངས་ཀྱི་ལྕགས་མདོང་བཟོ་བཞིན་པ།