[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    གྲོང་ཁྱེར་གྱི་སོལ་རླངས་མདོང་ལམ་སོགས་རྙིང་པ་གསར་བརྗེས་དང་སྒྱུར་བཀོད་ཀྱི་ལག་བསྟར་ཇུས་གཞི(2022ལོ་ནས་2025ལོ་བར)བཀྲམ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་ཁྱེར་གྱི་སོལ་རླངས་མདོང་ལམ་སོགས་རྙིང་པ་གསར་བརྗེས་དང་སྒྱུར་བཀོད་ཀྱི་ལག་བསྟར་ཇུས་གཞི(2022ལོ་ནས་2025ལོ་བར)》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《ལག་བསྟར་ཇུས་གཞིའི》ནང་། ཕྱོགས་བཞིའི་ཐད་ནས་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཡོད་པ་སྟེ། གཅིག་ནས་ལས་འགན་ཁ་གསལ་བཟོ་དགོས་ཤིང་། གསར་བརྗེས་དང་སྒྱུར་བཀོད་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོ་བ་དང་། གསར་བརྗེས་དང་སྒྱུར་བཀོད་ཀྱི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། གྲོང་ཁྱེར་གྱི་སོལ་རླངས་སོགས་ཀྱི་མདོང་ལམ་དང་སྒྲིག་བཀོད་ལ་ཡོངས་བཤེར་བྱེད་པ། ས་གནས་གྲོང་ཁྱེར་གྱི་སོལ་རླངས་མདོང་ལམ་སོགས་རྙིང་པ་གསར་བརྗེས་དང་སྒྱུར་བཀོད་ཇུས་གཞི་བཟོ་བ་བཅས་བྱེད་དགོས་པ་དང་། གཉིས་ནས་གང་མགྱོགས་སྒྲིག་འཛུགས་དང་ལག་ལེན་བསྟར་དགོས་ཤིང་། སྤྱི་འདོམས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ལག་བསྟར་ལ་གང་མགྱོགས་སྐུལ་འདེད་གཏོང་བ། གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བ། མདོང་ལམ་དང་སྒྲིག་བཀོད་འཁོར་སྐྱོད་དང་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གསུམ་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཆེད་ལས་གཉེར་སྐྱོང་སྡེ་ཚན་གྱིས་མ་དངུལ་གཏོང་བའི་འགན་འཁྲི་དོན་འཁྱོལ་དང་། མ་དངུལ་ལུགས་མཐུན་ངང་མཉམ་འཁུར་བྱེད་པའི་ལམ་སྲོལ་འཛུགས་པ། ནོར་སྲིད་ཀྱི་མ་དངུལ་རྒྱབ་སྐྱོར་དང་མ་དངུལ་བསྡུ་སྒྲིལ་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བཅས་བྱེད་དགོས། བཞི་ནས་རྟ་སྒ་ཆ་སྒྲིག་གི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྣམ་གྲངས་ལ་གང་མགྱོགས་ཞིབ་མཆན་འགོད་པ་དང་། རིན་གོང་དོ་དམ་གྱི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པ། ལག་རྩལ་གྱི་ཚད་གཞིའི་འདེགས་སྐྱོར་བྱེད་ཤུཌ་ཆེ་རུ་གཏོང་བ། ཁྲོམ་ར་བཅོས་སྐྱོང་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ། རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།