[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས།

    ཐབས་མང་སྤྱད་ནས་ལས་ཞུགས་བརྟན་པོས་དབུལ་ལོག་སྔོན་འགོག་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧོན་ཤིན་གྱིས། བྱ་ཐབས་སྣ་མང་སྤྱད་ནས་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་བརྟན་པོ་ཡོང་བའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། འདི་ལོ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ངལ་ནུས་ལས་ཞུགས་མི་ཁྲི་3000ཡན་ཟིན་པའི་དམིགས་ཚད་ལས་འགན་ཡག་པོ་སྒྲུབ་དགོས། འདི་ནི་གཞི་རྩའི་བླང་བྱ་ཞིག་རེད་ལ། ངེས་པར་དུ་སྲུང་དགོས་པའི“མཐའ་ཚད”ཀྱང་ཡིན་པས། ལས་ཞུགས་བརྟན་པོ་མ་བྱུང་བའི་རྐྱེན་གྱིས་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཞེས་བརྗོད་པ་རེད།

    འདི་ནི་ལིའུ་ཧོན་ཤིན་གྱིས་ཉིན་ཤས་གོང་འཚོགས་པའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་ཀྱི་ལས་གནས་ལས་ཞུགས་བརྟན་དུ་གཏོང་བའི་ལས་དོན་སྐུལ་འདེད་ཚོགས་འདུར་བརྗོད་པ་ཞིག་རེད།

    ལིའུ་ཧོན་ཤིན་གྱིས། ལས་གནས་ཡོད་ཚེ་ལས་ཞུགས་ཐུབ། ད་ཡོད་ཀྱི་ལས་གནས་བརྟན་པོ་སྲུང་དགོས་ལ། ལས་ཞུགས་ཀྱི་ལས་གནས་གསར་པ་བསྐྲུན་ནས“བརྟན་པོ་དང་། གཞན་སྒྱུར། རྒྱ་སྐྱེད”བཅས་ལ་ཤུགས་རྒྱག་དགོས། “བརྟན་པོ”ནི་ད་ཡོད་ཀྱི་ལས་གནས་བརྟན་པོ་སྲུང་བ་འདི་ཡིན་ཞིང་། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་གཏོང་བའི་ཆ་རྐྱེན་འོག་ལས་འགོ་ཡང་བསྐྱར་བཙུགས་ནས་ཐོན་འབབ་འཕར་བར་བྱེད་དགོས་པ་དང་། ལས་གནས་ཀྱི་མཁོ་སྤྲོད་བརྟན་པོ་དང་ཡིད་དབང་འགུག་ནུས་ཆེ་རུ་གཏོང་དགོས། “གཞན་སྒྱུར”ནི་ལས་གནས་གཞན་སྒྱུར་གྱི་ཞབས་འདེགས་ཡག་པོ་ཞུ་དགོས་པ་འདི་ཡིན་ཞིང་། རིམས་ནད་ཀྱིས་རྐྱེན་པས་ལས་མཚམས་བཞག་པ་དང་། རང་སོར་བཞག་པ་དང་གནས་སྐབས་ལས་ཀ་ཤོར་བའི་མི་སྣ་དུས་ཐོག་ཏུ་བཀོད་སྒྲིག་བྱེད་དགོས། “རྒྱ་སྐྱེད”ནི་ལས་གནས་མཁོ་སྤྲོད་རྒྱ་སྐྱེད་གཏོང་དགོས་པ་དེ་ཡིན་ཞིང་། ཤར་རྒྱུད་ས་ཁུལ་གྱིས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ལས་གནས་ཀྱི་དགོས་མཁོའི་གསལ་ཐོ་སྤུས་ཚད་མཐོ་བ་དང་ཐེངས་མང་པོས་འོས་སྦྱོར་བྱས་ཏེ་ངལ་ནུས་འབྲེལ་མཐུད་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།