[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས།

    གནས་ཐང་འཕར་ཁྲལ་གྱི་ཁྲལ་འབབ་ཚང་མ་སློག་པའི་སྲིད་ཇུས་ཀྱི་ལས་རིགས་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-14

    ཉེ་ཆར་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《གནས་ཐང་འཕར་ཁྲལ་གྱི་ཁྲལ་འབབ་ཚང་མ་སློག་པའི་སྲིད་ཇུས་ཀྱི་ལས་རིགས་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲཌ་བྱས་པ་རེད། 《སྤྱི་བསྒྲགས》ནང《གནས་ཐང་འཕར་ཁྲལ་གྱི་དུས་མཇུག་ཁྲལ་འབབ་སྲིད་ཇུས་ལག་ལེན་བསྟར་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས》ཀྱི་དོན་ཚན་གཉིས་པར་གཏན་འབེབས་བྱས་པའི་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཀྱིས་ཟླ་རེར་གནས་ཐང་འཕར་ཁྲལ་གྱི་འཕར་གྲངས་ཁྲལ་འབབ་ཚང་མ་ཕྱིར་སློག་པ་དང་བཅད་གྲངས་ཀྱི་ཁྲལ་འབབ་ཐེངས་གཅིག་རང་བཞིན་གྱིས་སློག་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་དེ“སྡེབ་ཚོང་དང་སིལ་ཚོང་ལས་རིགས”དང་། “ཞིང་། ནགས། འབྲོག ཉ་བཅས་ལས་རིགས” “ཞག་སྡོད་དང་བཟའ་བཏུང་ལས་རིགས” “གྲོང་མིའི་ཞབས་འདེགས་དང་། ཉམས་བཟོ། ཞབས་འདེགས་ལས་རིགས་གཞན་དག” “སློབ་གསོ” “འཕྲོད་བསྟེན་དང་སྤྱི་ཚོཌ་ལས་དོན” “རིག་གནས་དང་། ལུས་རྩལ། རོལ་རྩེད་བཅས་ལས་རིགས”(གཤམ་དུ་སྡེབ་སིལ་ལས་རིགས་ཞེས་བསྡུ་རྒྱུ)བཅས་ཀྱི་ཁེ་ལས(ཁེར་རྐྱང་བཟོ་ཚོང་དུད་ཚང་ཚུད་ཡོད། གཤམ་ལ་གཅིག་མཚུངས་ཡིན་པ)བར་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    སྤྱི་བསྒྲགས་ནང་། ཆ་རྐྱེན་དང་མཐུན་པའི་སྡེབ་སིལ་ལས་རིགས་སོགས་ལས་རིགས་ཁེ་ལས་ཀྱིས་2022ལོའི་ཟླ་7པར་ཁྲལ་འཇལ་རེ་འདུན་ཞུས་རིང་ཁྲལ་དོན་གཙོ་གཉེར་ལས་ཁུངས་ལ་འཕར་གྲངས་ཀྱི་ཁྲལ་འབབ་ཕྱིར་སློག་དང་བཅད་གྲངས་ཀྱི་ཁྲལ་འབབ་ཐེངས་གཅིག་རང་བཞིན་གྱིས་སློག་པའི་རེ་འདུན་ཞུ་ཆོག་པ་ཁ་གསལ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།