[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་ཀྱི་འབྲིང་རིམ་དང་གཞི་རིམ་ཁྲིམས་ཁང་གིས།

    ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-31

     གསར་འགོད་པར་ཟླ་12ཚེས་25ཉིན་འཚོགས་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་འབྲིང་རིམ་དང་གཞི་རིམ་མི་དམངས་ཁྲིམས་ཁང་གིས་ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད།

    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛུགས་གྱོད་དོན་ཁྲིམས་སའི་དིང་ཀྲང་ཆན་ཞའོ་ཁྲེན་གྱིས་ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་ཞབས་ཞུ་ནི་གྱོད་དོན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་བྱས་རྗེས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་གཏོང་བའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གཞན་ཞིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་གཏུག་བཤེར་ཞབས་ཞུ་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་གཏུག་བཤེར་དོན་ཚན་ས་ཁོངས་བརྒལ་བའི་རྒྱང་རིང་སྒྲུབ་གཉེར་དང་རིམ་བརྒལ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་མཛུབ་ཁྲིད་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ལ་སྤུས་ལེགས་དང་། ནུས་ཆེ། གང་བདེ་བཅས་ཀྱི་གཏུག་བཤེར་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།