[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རང་རྒྱལ་གྱིས་ཞིང་པ་ལས་མིའི་གླ་ཆ་ཐད་ཀར་སྤྱི་ཚོཌ་འགན་བཅོལ་གཱ་ནང་འཇུག་རྒྱུའི་འཚོལ་ཞིབ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-31

    ཚེས་27ཉིན། མི་སྤྱི་པུའུ་ཡིས་བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་མཉམ་འབྲེལ་ལྷན་ཚོགས། དུས་བདེའི་ཚོགས་པ། ཐེང་ཤུན་སོགས་དངུལ་རྩའི་སྒྲིག་གཞི་11དང་དྲ་སྦྲེལ་ཀུང་སི་དང་པེ་ཅིང་དུ་སྤྱི་ཚོགས་འགན་བཅོལ་གཱ་གསར་གཏོད་བེད་སྤྱོད་ཞབས་ཞུའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    མིང་རྟགས་འགོད་མཁན་དངུལ་ཁང་ཁག་གིས་གཱ་འཁྱེར་མཁན་ལ་དེ་བས་སྤུས་ལེགས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཞབས་འདེགས་ཞུས་ནས་མཉམ་ལས་གཱ་སྤྲོད་སའི་ཆུས་དང་རྫོང་དུ་མགྱོགས་མྱུར་གཱ་སྤྲོད་པའི་དྲ་ཚིགས་ཉུང་མཐར་ཡང་1བཙུགས་ཏེ་མགྱོགས་མྱུར་ལེན་ཐུབ་པའི་གཱ་སྤྲོད་ཞབས་ཞུ་རིམ་བཞིན་མངོན་འགྱུར་ཐུབ་པ་དང“དྲ་ཐོག་ནས་ལེན་རྒྱུའི་རེ་ཞུ་བྱེད་པའི”གཱ་གཉེར་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཤང་དང་གྲོང་རྡལ་ལམ་ཡང་ན་སྲིད་འཛིན་གྲོང་ཚོར་གཞི་རིམ་གྱི་དམངས་ཕན་ཞབས་ཞུའི་དྲ་ཚིགས་བཙུགས་ནས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་། སྤྱི་ཚོགས་འགན་བཅོལ་འདྲི་རྩད། སྤྱི་ཚོགས་འགན་བཅོལ་གྱི་གྲོན་བསྡུ། ཐོབ་ཐང་ངོས་འཛིན། ཐོབ་ཐང་ལེན་པ་སོགས་གྲོང་ཚོ་དེ་རང་དུ་ཞབས་འདེགས་ཞུ་ཐུབ་པ་བྱེད་པ། དངུལ་ཁང་གི་ཞབས་ཞུའི་དྲ་ཚིགས་སུ་རང་འགུལ་ཞབས་ཞུའི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཏེ་མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་འདྲི་རྩད་ཞབས་ཞུ་དེ་བས་མང་བ་མཁོ་འདོན་གྱིས་མང་ཚོགས་ཀྱིས་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་བསྡུ་ལེན་བྱེད་བདེ་ཡོང་བ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།