[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རང་རྒྱལ་གྱིས།

    ​ སློབ་གྲྭ་ཆུང་འབྲིང་སློབ་མའི་བརྙས་བཅོས་གཏུམ་སྤྱོད་འགོག་པའི་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་གཞུང་ལས་ཁང་གིས་བརྡ་ཐོ་བཏང་སྟེ། སློབ་གྲྭ་ཆུང་འབྲིང་སློབ་མའི་བརྙས་བཅོས་གཏུམ་སྤྱོད་འགོག་པའི་ཆེད་དོན་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བརྡ་ཐོའི་ནང་། ས་ཁུལ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཕྱོགས་བསྡུས་བཅོས་སྐྱོང་དང་སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཕྲལ་མར་ཕྱོགས་ཡོངས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས་གཅིག་བྱེད་དགོས་པ་དང་། སློབ་གྲྭ་ཆུང་འབྲིང་སློབ་མའི་བརྙས་བཅོས་གཏུམ་སྤྱོད་ཀྱི་དོན་རྐྱེན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྔོན་འགོག སྔ་ཙམ་ཚོད་འཛིན་བཅས་བྱེད་དགོས་པ། སློབ་གྲྭའི་ཉེ་འཁོར་གྱི་གཙོ་གནད་ས་ཁོངས་དང་གཙོ་གནད་དུས་མཚམས་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁྱིམ་ཚང་དང་སློབ་གྲྭའི་དབར་འབྲེལ་བ་ཟབ་ཏུ་བཏང་སྟེ་ཐུན་མོང་ཐོག་བརྙས་བཅོས་དོན་རྐྱེན་དང་གཏུམ་སྤྱོད་གནས་ཚུལ་ལ་འགོག་ཟོན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་། ས་ཁུལ་ཁག་གིས་སློབ་གྲྭ་ཆུང་འབྲིང་སློབ་མར་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་། ཁྲིམས་ལུགས་ཀྱི་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ་བཅས་གཏོང་བར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། སློབ་གྲྭའི་རྒྱུན་གཏན་གྱི་དོ་དམ་སྔར་བས་ནན་དུ་གཏོང་བ་དང་། སློབ་གྲྭའི་ཉེ་འཁོར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་མའི་བརྙས་བཅོས་གཏུམ་སྤྱོད་སྔོན་འགོག་དང་ཐག་གཅོད་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་སློབ་གྲྭ་ཆུང་འབྲིང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་ཞེས་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།