[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རིག་གནས་དང་ཡུལ་སྐོར་པུས།

    སྒོར་དུང་ཕྱུར་1000གི་འདོད་མོས་རང་བཞིན་གྱི་ཡིད་རྟོན་དངུལ་བཏང་ནས་གྲོང་གསེབ་ཡུལ་སྐོར་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱས་པར། འབྱུང་འགྱུར་ལོ་ལྔའི་རིང་། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་སྒོར་དུང་ཕྱུར་1000ཡི་འདོད་མོས་རང་བཞིན་གྱི་ཡིད་རྟོན་དངུལ་དེ་དག་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་སྤྱོད་རྒྱུ་རེད།

    བརྡ་ཐོ་གཞིར་བཟུང་། མ་དངུལ་སྒོར་དུང་ཕྱུར་1000དེ་གཙོ་གནད་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་། སྣོད་བཅུད་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་། སྤྱི་པའི་ཞབས་ཞུ་དང་ཡུལ་སྐོར་གྱི་ལེ་ལག་སྒྲིག་ཆས་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་དང་། དེ་བཞིན་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་། ལྟ་སྐོར་སྤྲོ་གསེང་། ཞིང་ལས་མྱོང་རོལ། ཕ་ཡུལ་གྱི་ཞིམ་ཟས། རིག་གནས་བསམ་བཀོད་སོགས་རིག་གནས་དང་ཡུལ་སྐོར་ཐོན་རྫས་ཞིབ་སྤེལ་དང་ཁྱབ་གདལ་ཐད་སྤྱོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།