[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་ཀྱི་གྲོང་ཁྱེར་154རུ།

    ཁྲིམས་དང་མི་མཐུན་པའི་མེ་མདའ་དང་འབར་གས་དངོས་རྫས་གཅིག་སྡུད་མེད་པར་བཟོས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་154ཡི་ན་ནིང་ཚུན་དུ་བསྡུས་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་རྩིས་སྤྲད་པའི་ཁྲིམས་དང་མི་མཐུན་པའི་མེ་མདའ་དང་། དེ་བཞིན་འབར་གས་དངོས་རྫས་མང་དག་ཅིག་གཅིག་སྡུད་ཐོག་མེད་པར་བཟོས་ཤིང་། འདི་ནི་སྤྱི་བདེ་པུས་ན་ནིང་ཟླ་9པར་གྲོང་ཁྱེར་146སྒྲིག་འཛུགས་བྱས་ཏེ་ཁྲིམས་དང་མི་མཐུན་པའི་འབར་གས་དངོས་རྫས་གཅིག་སྡུད་ཐོག་མེད་པར་བཟོ་བའི་བྱེད་སྒོ་སྤེལ་རྗེས་བྱེད་སྒོ་འདི་རིགས་སླར་ཡང་སྒྲིག་འཛུགས་བྱས་པ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2018ལོའི་ཟླ་2པར་སྤྱི་བདེ་པུས་སྣེ་ཁྲིད་དེ་སྡེ་ཚན་24ཞུགས་པའི་མེ་མདའ་དང་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུ་འཚོགས་ནས་དུས་ཡུན་ལོ་2ཀྱི་མེ་མདའ་དང་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད། འདི་ལོ་ཚུན་དུ་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་གྱིས་འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཏན་ཏིག་ངང་སྤེལ་བས་མེ་མདའ་དང་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར་རྒྱལ་ཡོངས་ནས་མེ་མདའ་དང་འབར་གས་དངོས་རྫས་དང་འབྲེལ་བའི་གྱོད་གཞི་ཁྲི་1.6རྩད་ཆོད་དེ་ཚོགས་པ་163གཏོར་བ་དང་། ནག་ཚང་117མེད་པར་བཟོས་པ། ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི་1.7ལ་རྡུང་རྡེག་ཐག་གཅོད་བྱས་པ་རེད། རྡུང་རྡེག་དང་བཅོས་སྒྲིག་བྱས་པ་བརྒྱུད་འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་མེ་མདའ་དང་འབར་གས་ཀྱི་ཉེས་གསོག་གྱོད་གཞི་ཐོན་ཚད་ཀྱི་བསྡོམས་འབོར་དུས་མཚུངས་ལས་20%ཆག་ཡོད།

    ཐེངས་འདིའི་གཅིག་གྱུར་ཐོག་མེད་པ་བཟོ་བའི་བྱེད་སྒོ་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སྤེལ་ཡུལ་གཙོ་བོར་བྱས་པ་དང་། ལེའོ་ཉིང་ཞིང་ཆེན་ཧྲན་དབྱང་གྲོང་ཁྱེར་དང་། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཡུས་ལིན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་བཅས་ལ་ལྟེ་བའི་སྤེལ་ཡུལ་4བཙུགས་པ། དེ་མིན་གྲོང་ཁྱེར་149ཡན་ལག་སྤེལ་ཡུལ་དུ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།