[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སླར་ཡང་ཁྲལ་དོན་དཔང་ཡིག་གི་དོན་ཚན་25མེད་པར་བཟོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    གསར་འགོད་པར་ཚེས་1ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར《ཁྲལ་དོན་དཔང་ཡིག་གི་དོན་ཚན་ཁག་གཅིག་མེད་པར་བཟོ་བ་དང་དེ་བཞིན་སྒྲིག་སྲོལ་ཁག་གཅིག་མཚམས་འཇོག་དང་བཟོ་བཅོས་རྒྱག་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཡོངས་བསྒྲགས་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ་དང་། དུས་འགོར་ཁག་གཉིས་ལ་ཕྱེ་སྟེ་ཁྲལ་དོན་དཔང་ཡིག་གི་དོན་ཚན་35མེད་པར་བཟོས་ཁར། སླར་ཡང་ཁྲལ་དོན་དཔང་ཡིག་གི་དོན་ཚན་25མེད་པར་བཟོས་ཏེ། ཁྲལ་འཇལ་མཁན་དང་རིན་སྤྲོད་མཁན་ལ་ཁྲལ་གྲོན་འཇལ་སྐབས་སྔར་བས་སྟབས་བདེ་ཡོང་བར་བྱས་ཏེ་ཁྲལ་རིན་གཉིས་གཅོག་གི་ཐོབ་ཚོར་ཆེ་རུ་བཏང་ཡོད།

    ཁྲལ་དོན་སྤྱི་ཁྱབ་ཅུས་སྲིད་ཇུས་ཁྲིམས་སྲོལ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲལ་དོན་སྡེ་ཚན་གྱིས“དཔང་ཡིག་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་པའི”ལས་དོན་རྒྱུན་མཐུད་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། ཁྲལ་དོན་ཁྲིམས་འཛིན་བྱ་ཐབས་སྔར་བས་ལེགས་སུ་གཏོང་བ་དང་། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་དེ་བས་ཡག་པོ། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཤུགས་ཆེན་བཅས་བྱས་ཡོད། མིག་སྔའི་བར་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁག་གསུམ་ལ་ཕྱེ་སྟེ་ཁྲལ་དོན་དཔང་ཡིག་གི་དོན་ཚན་60མེད་པར་བཟོས་པ་དག་ཞིབ་ཕྲའི་ཁྲལ་སྒྲུབ་དོན་ཚན་231དང་འབྲེལ་བ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།