[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • འཕྲལ་སྡོམ་པུས་དྲན་སྐུལ་བྱས་དོན་དབྱར་དུས་ཚ་བ་ཆེ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    ལོ་རེའི་ཟླ་8པ་ནི་བལྟོས་བཅས་ཀྱི་ལས་འཛོལ་ཚབས་ཆེན་གཅིག་སྡུད་ཐོན་མང་བའི་ཟླ་བ་ཞིག་རེད། ཉེ་ཆར། འཕྲལ་སྡོམ་པུས་ཉེ་བའི་ལོ་བཅུ་ཡི་རིང་གི་ཟླ་8པར་ཐོན་པའི་ལས་འཛོལ་ཚབས་ཆེན་ལ་བསྡོམས་རྩིས་དབྱེ་ཞིབ་བྱས་ཏེ་དབྱར་དུས་ཀྱི་དྲོད་ཚད་ཆེ་བ་དང་། བརླན་བཤེར་ཆེ་བ། ཆར་ཆུ་མང་བ། རྒྱ་མཚོའི་རླུང་འཚུབ་ཆེ་བ། ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱིས་བདེ་འཇགས་ཐོན་སྐྱེད་ལ་ཅུང་མངོན་གསལ་དོད་པའི་ཤུགས་རྐྱེན་བཟོས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས། གཏེར་རི། དམངས་སྤྱོད་འབར་མདེལ། གཏེར་མཛོད། བཟོ་སྐྲུན་སོགས་ལས་རིགས་ཁྱབ་ཁོངས་སུ་མེ་སྐྱོན་དང་། འབར་གས། ཁྲོན་ནུབ། གས་བརྡིབས་སོགས་ཉེན་ཁ་ཆེ་རུ་སོང་བས། དབྱར་དུས་ཚ་བ་ཆེ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    2009ལོ་ནས་2018ལོ་བར་རྒྱལ་ཡོངས་སུ་ཟླ་8པར་ལས་འཛོལ་ཚབས་ཆེན་ཁྱོན་བསྡོམས་54ཐོན་ནས་མི་1110རྐྱེན་ལམ་དུ་ཤོར་བ་དེས་ཉེ་བའི་ལོ་བཅུ་ཡི་རིང་གི་ལས་འཛོལ་ཚབས་ཆེན་ཐོན་གྲངས་དང་མི་ཤི་ཚད་སོ་སོར་11%དང་13.6%ཟིན་པ་དེ་ལོ་ཧྲིལ་པོའི་ཟླ་རེའི་ཆ་སྙོམས་གྲངས་ཚད་ལས་བརྒྱ་ཆའི་གྲངས་2.7དང་5.3ཡིས་མཐོ་ཞིང་། ཟླ་དང་པོ་ནས་ཟླ་བཅུ་གཉིས་པའི་བར་གྱི་ཨང་གཉིས་པ་དང་དང་པོར་སླེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།