[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • སྤྱི་བདེ་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    སྤྱི་བདེ་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཉེ་ཆར་པེ་ཅིང་དུ་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་རིག་དངོས་སྡེ་ཚན་གྱིས་ཟླ་7ཚེས་31ཉིན་ནས་བཟུང་དུས་ཡུན་ཟླ་ལྔའི་རིང་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་སྤྱི་བདེ་པུས་རྒྱལ་ཁབ་རིག་དངོས་ཅུས་དང་མཉམ་དུ་དུས་ཡུན་ཟླ་དྲུག་རིང་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པར། ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། རིག་དངོས་ཉེས་གསོག་གྱོད་གཞི་1200ལྷག་ཙམ་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་2000ལྷག་ཙམ་བཟུང་བ། རིག་དངོས་8400ལྷག་ཙམ་ལེན་ཐུབ་ཡོད། 2018ལོར་རྩད་ཆོད་པའི་རིག་དངོས་རྐུ་སྔོག་གི་གྱོད་གཞིའི་གྲངས་འབོར་དང་ཉེས་གསོག་དོགས་ཅན་བཟུང་བའི་མི་གྲངས་ཀྱི་བསྡུར་ཚད་སོ་སོར་དུས་མཚུངས་ལས་79.56%དང་110.32%མང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།