[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ལོ་སྟོད་དུ་ཞུ་གཏུག་གྱོད་གཞི་ཁྲི་42ལྷག་ཙམ་བདག་སྤྲོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་ཞུ་གཏུག་བདག་སྤྲོད་བྱས་ཚུལ་གྱི་བསྡོམས་རྩིས་གཞིར་བཟུང་། 2019ལོའི་ལོ་སྟོད་དུ་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་421373བདག་སྤྲོད་བྱས་པའི་ནང་གྱོད་གཞི་332885ཐག་གཅོད་བྱས་པ་དང་ཞུ་གཏུག་ཐག་གཅོད་བྱེད་ཚད་79%ཟིན་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་57384མི་ཕོག་པ་བྱས་ཡོད། དེའི་ནང་གཉེར་སྐྱོང་མཁན་གྱི་ཁ་བསླུས་ཀྱི་བྱེད་སྤྱོད་ལྡན་པར་སྐྱིན་ཚབ་ལྡབ་འགྱུར་འཇལ་བའི་ཞུ་གཏུག་1794ཡོད་པར་སྐྱིན་ཚབ་ལྡབ་འགྱུར་འཇལ་བའི་དངུལ་འབོར་སྒོར་ཁྲི་979ཟིན་ཡོད། རིམ་ཁག་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་བྱེད་ཐབས་མི་འདྲ་བ་བརྒྱུད་འཛད་སྤྱོད་པའི་ཞུ་གཏུག་661ལ་རྒྱབ་སྐྱོར་བྱས་པ་དང་། ཡིག་བསྐུར་ངོ་བཅར་དང་བློ་འདྲི་བྱེད་པར་ཡོང་མཁན་གྱི་འཛད་སྤྱོད་པ་མི་ཐེངས་ཁྲི་77ལ་སྣེ་ལེན་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།