[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་ཀྱི་ཕྱི་རོལ་བདེ་འཇགས་སློབ་གསོའི་སྐོར་སྐྱོད་འཆད་ཁྲིད་བྱེད་སྐབས“བདེ་འཇཌ་ཀྱི་མཐའ་ཚད་འདུ་ཤེས”ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    ཉིན་ཤས་གོང་། ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀོང་ཀྲོའུ་གྲོང་ཁྱེར་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་དང་། ཀོང་ཀྲོའུ་གྲོང་ཁྱེར་རི་འཛེག་མཐུན་ཚོགས། ཀོང་ཀྲོའུ་དབན་ཡན་ཚན་རྩལ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཅས་ཀྱིས་གཉེར་འགན་ཁུར་བའི་2019ལོའི་རྒྱལ་ཡོངས་ཀྱི་ཕྱི་རོལ་བདེ་འཇགས་སློབ་གསོའི་སྐོར་སྐྱོད་འཆད་ཁྲིད་(ཀོང་ཀྲོའུ་ས་ཚིགས)བྱས་པ་དང་། ཕྱི་རོལ་ལུས་རྩལ་ལ་དགའ་མོས་ཡོད་མཁན་500ལྷག་ཙམ་འཆད་ཁྲིད་ལ་ཞུགས་ཡོད།

    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲི་ཅན་གྱིས་ཚན་རིག་དང་མཐུན་པའི་ཕྱི་རོལ་བདེ་འཇགས་འདུ་ཤེས་ཀྱི་འཆད་ཁྲིད་བྱས་ཤིང་། ཁོང་གིས“ཕྱི་རོལ་ལུས་རྩལ་ལ་དགའ་མོས་ཡོད་མཁན་ཚོས་ཡང་དག་པའི་ཕྱི་རོལ་གྱི་བདེ་འཇགས་འདུ་ཤེས་བཙུགས་ནས‘བདེ་འཇགས་ཀྱི་མཐའ་ཚད’ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་དང་། ཁོང་གིས‘རྒྱལ་ཡོངས་ཀྱི་ཕྱི་རོལ་བདེ་འཇགས་སློབ་གསོའི་འཆར་གཞི’བརྒྱུད་ཕྱི་རོལ་ལུས་རྩལ་ནང་ཞུགས་མཁན་ཚང་མ་རིམ་བཞིན‘བདེ་འཇགས་ཀྱི་འདུ་ཤེས་ཟབ་པའི’ཕྱི་རོལ་གྱི་བདེ་འཇཌ་སྲུང་སྐྱོང་པ་ཞིག་ལ་འགྱུར་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    ནང་སོག་རི་འཛེག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཐུའོ་དང་ཧྭ་ཏ་ལུས་རྩལ་གྱི་CEOཚའོ་ཅུན་གྱིས་ཕྱི་རོལ་གྱི་བདེ་འཇགས་ཤེས་བྱ་དང་ཚན་རིག་དང་མཐུན་པའི་ངང་ཕྱི་རོལ་ལུས་རྩལ་ནང་ཞུགས་རྒྱུའི་རྩ་དོན་དང་བྱེད་ཐབས་སློབ་ཁྲིད་བྱས་པ་དང་། ཀོང་ཀྲོའུ་ཡི་སྤྱི་ལེ་100ཡི་བྱེས་བགྲོད་འགྲན་བསྡུར་གཉེར་སྐྱོང་སྤྱི་ཁྱབ་ལྟ་ཞིབ་པ་དབྱང་ལུང་གིས་ཀོང་ཀྲོའུ་ཡིས་གཉེར་བའི་གྲོང་ཁྱེར་ཉེ་འགྲམ་གྱི་བྱེས་བགྲོད་འགྲན་བསྡུར་ནང་ཇི་ལྟར་བྱས་ཏེ་བདེ་འཇགས་ལྡན་པའི་སྒོ་ནས་ཞུགས་རྒྱུའི་ཁྲིད་སྟོན་བྱས་པ། ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱི་ད་ཡོད་ཕྱི་རོལ་ལུས་རྩལ་དང་། བྲག་འཛེག རི་མཐོར་འཛེག་པ་སོཌ་ཀྱི་གསོ་སྐྱོང་མ་ལག་གི་གསར་གཏོད་པ་གཙོ་བོ་དང་རྒྱལ་ཁབ་རིམ་པའི་རྩལ་ཁྲིད་པ་མཱ་ཤིན་ཤང་གིས་ཡུན་རིང་གསོ་སྦྱོང་དང་ལག་ལེན་གྱི་ཉམས་མྱོང་ཟུང་དུ་འབྲེལ་ནས་ཕྱི་རོལ་ལུས་རྩལ་ལ་དགའ་མོས་ཡོད་མཁན་ལ་བདེ་འཇགས་ཀྱི་དྲན་སྐུལ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།